༢༠༡༢ ཟླ་ ༡༡ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༤ ནས་ ༢༦ བར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལྡི་ལིར་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད།
དེ་ཡང་ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་གྱི་ཕྱི་དྲོ་སྲིད་སྐྱོང་མཆོག་རྡ་ས་ནས་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༥ ཉིན་ལྡི་ལིར་ཕེབས་འབྱོར་དང། ཕྱི་ཚེས་ ༢༦ ནས་ ༣༠ བར་ལྡི་ལིར་གནད་ཡོད་མི་སྣ་དང་གསར་འགོད་པ་མཇལ་འཕྲད་གནང་རྒྱུ་མ་ཟད། ཆེས་མཐོའི་སློབ་གྲྭ་ཆེན་མོ་གཉིས་ནང་གསུང་བཤད་གནང་རྒྱུ་ཡིན་འདུག་བཅས།།