༄༅། །བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡ ནས་འགོ་འཛུགས་ཞུས་ཏེ་ད་བར་ཚོགས་མི་མི་ཉུང་བ་ཞིག་ལ་སྨན་བཅོས་ཀྱི་ཁེ་ཕན་ཐོབ་ནས་འཚོ་བར་ཕན་ཐོགས་བྱུང་བ་རང་རིགས་མང་པོ་ཞིག་ནས་མིག་མཐོང་གསལ་གྲུབ་བྱུང་སྟེ་ལས་གཞིར་འཛུལ་ཞུགས་གནང་འདོད་ཡོད་མཁན་ཚོར་འཛུལ་ཞུགས་གོ་སྐབས་ཐེངས་གཉིས་པ་གནང་གཏན་འཁེལ་བའི་གནད་དོན་མཁྱེན་དགོས་གཤམ་གསལ།
༡༽ས་གནས་འགོ་འཛིན་ནམ་འཕྲོད་བསྟེན་སྨན་ཁང་ལས་ཁང་ནས་ལས་གཞི་གོ་རྟོགས་སྤེལ་སྐབས་ངོ་བཅར་ཞུ་དགོས།
༢༽ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡ ནས་ ༢༠༡༢ ཟླ་ ༡༢ ཚེས་ ༣༡ བར་ས་གནས་འགོ་འཛིན་ནམ་འཕྲོད་བསྟེན་སྨན་ཁང་ལས་ཁང་ནང་མིང་གཞུང་ཐོ་བཀོད་ཞུ་དགོས།
༣༽འཛུལ་ཞུགས་གཉིས་པའི་ལོ་གཅིག་གི་དུས་ཚོད་ནི་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡ ནས་ ༢༠༡༣ ཟླ་ ༡༡ ཚེས་ ༣༠ བར་རྩ་འཛིན་ཞུ་རྒྱུ།
༤༽སྨན་བཅོས་ཁེ་ཕན་དང་སྨན་ཁང་གི་ཐོ་གཞུང་གོང་གསལ་འབྲེལ་ཡོད་ལས་ཁུངས་ནས་གསལ་བཤད་གནང་རྒྱུ།
མདོ་དོན་སོ་སོའི་རྩ་ཆེའི་སྐུ་གཟུགས་ཀྱི་འཕྲོད་བསྟེན་དང་སྨན་བཅོས་ཀྱི་མཐུན་རྐྱེན་གང་བཟང་ཐོབ་སླད་ཚོགས་ཞུགས་ཡོང་བའི་རེ་འདུན་གསལ་བསྒྲགས་སུ། འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༧ ལ།།
སྨན་བཅོས་ལྟ་སྐྱོང་གསལ་བསྒྲགས།
གསར་གནས།
འབྲེལ་གནས།