༢༠༡༢ ཟླ་ ༡༡ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༢ རེས་གཟའ་ཕུར་བུའི་ཉིན་རེབ་གོང་མདོ་བ་ཞང་ཐོག་ཏུ་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༤།༢༠ ཡས་མས་སུ། བོད་མདོ་སྨད་རེབ་གོང་མདོ་བ་འབྲོག་ཡོ་ལག་ཡུལ་ཚོའི་རང་ལོ་ ༡༨ ཡིན་པ་ཀླུ་འབུམ་རྒྱལ་ལགས་ཀྱིས། མདོ་བ་ཞང་ཐོག་ཏུ་རང་ལུས་མེར་སྲེག་བཏང་རྗེས་སྐུ་གྲོངས་ཡོད། གནས་ཚུལ་བྱུང་མ་ཐག་ས་གནས་བོད་མི་ཚོས་ཁོང་གི་སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར། མདོ་བ་དགོན་པའི་གྲྭ་པ་རྣམས་ཀྱིས་སྨོན་ལམ་གསུང་འདོན་གནང་རྗེས་དགོན་པའི་དགེ་འདུན་པའི་སྦྱིན་སྲེག་བྱེད་སར་སྐུ་ཕུང་ཞུགས་འབུལ་བྱས་འདུག
རྒྱ་གཅེས་པ་ཀླུ་འབུམ་རྒྱལ་ལགས་ཀྱི་ཕ་མིང་ལ་ཚེ་གོ་འམ་(དམག་ཚེ་གོ) འབོད་ཀྱི་ཡོད་པ་དང་། ད་ལྟ་རང་ལོ་ ༦༠ ཡས་མས་ཡིན་འདུག་ལ། ཁོང་མ་ཚེ་ལས་འདས་ཟིན་འདུག་པ་བཅས།།