༢༠༡༢ ཟླ་ ༡༡ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །མཁྱེན་ལྡན་ཡངས་པའི་ཌལ་ཧོར་སློབ་ཟུར་རྣམས་ཀྱི་གཙོས་དབུས་བོད་སློབ་འཛིན་ཚོགས་དང་ཤེས་རིག་ལས་ཁུངས་ཀྱི་འདས་པ་དང་ད་ལྟའི་སྲི་ཞུ་བ་ཆེ་ཕྲ་ཆུང་གསུམ་དང་དེ་བཞིན་བོད་རིགས་སྤུན་ཟླ་ཡོངས་ཀྱི་སྙན་ལམ་དུ།
ཆེད་ཞུ། ཌལ་ཧོར་གཏན་སློབ་འདི་བཞིན་ཐོག་མ་ཕྱི་ལོ་ ༡༩༦༣ ལོར་དབུ་བརྙེས་ནས་ད་ལྟའི་བ་མི་ལོ་ལྔ་བཅུའི་རིང་བོད་མིའི་ཐུན་མོང་མ་ཡིན་པའི་ཤིན་ཏུ་རྩ་ཆེའི་ནང་བསྟན་ལྟ་གྲུབ་དང་། རིག་གཞུང་ཤེས་རིག དེ་བཞིན་སྐད་ཡིག་དང་གནའ་སྲོལ་ལེགས་བྱང་སློབ་གསོ་དང་དེང་དུས་ཤེས་ཡོན་སྦྱོང་བརྡར་སོགས་འདབ་གཤོག་གཉིས་ལྡན་གྱི་མི་རིགས་གསར་བསྐུན་འདི་༸གོང་ས་མཆོག་དང་སྐྱབས་ཡུལ་རྒྱ་གར་དབུས་ས་གཞུང་མང་དང་ལྷག་པར་འཕགས་བོད་དགེ་ལས་ཡོངས་ཀྱི་བཀྲིན་བསམ་ཞིང་རྗེས་དྲན་ཞུ་ཆེད་ད་ཆ་བགྲང་བྱ་ ༥༠ འཁོར་བའི་དུས་དྲན་མཛད་སྒོ་གཟབ་རྒྱས་ཤིག་འཆར་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༦ དང་ ༢༧ ཉིན་གཉིས་ཀྱི་ཚོགས་མགོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བཀྲིན་ཆེ་རྒྱུ་མ་ཟད། ཕྱི་ནང་དཔོན་རིགས་མང་དག་ཅིག་ཀྱང་ཕེབས་ངེས་སོང་། ལྷན་རྒྱས་ཚང་མ་ས་ཐག་རྒྱང་མིན་ལ་མ་ལྟོས་པར་མཛད་སྒོར་ངེས་ཕེབས་ཡོང་བ་དང་། མཛད་སྒོར་ཕེབས་མི་ཡོངས་ཀྱིས་སྔོན་ཚུད་ནས་གཤམ་གསལ་གོ་སྒྲིག་ཚོགས་ཆུང་གི་མི་སྣ་དང་ང་ཚོའི་དྲ་རྒྱའི་ཁ་བྱང་། cstdalhousie50yrs.com བཅས་ལ་གཟིགས་ནས་འགེངས་ཤོག་བཀང་སྟེ་འབྲེལ་བ་གནང་བ་ཡིན་ན་བཞུགས་ཤག་དང་ཞལ་ལག་སོགས་གོ་སྒྲིག་བྱེད་ཕྱོགས་ལ་ཁྱད་པར་ཡོང་བ་དེ་དོན་དགོངས་འཇགས་འཚལ། ཌལ་ཧོར་གཏན་སློབ་ལྔ་བཅུའི་གོ་སྒྲིག་ཚོགས་ཆུང་གིས་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ནང་ཡོངས་ཁྱབ་གསལ་བསྒྲགས་སུ། དགེ་བར་གྱུར་ཅིག
འབྲེལ་བ་གནང་ཡུལ་ཁ་པར་ཨང་། ༠༩༨༨༢༤༡༥༩༣༣། ༠༨༩༨༨༠༢༢༥༧༨། ༠༩༨༨༢༣༠༣༨༧༩།