༢༠༡༢ ཟླ་ ༡༡ ཚེས་ ༢༧ རེས་གཟའ་མིག་དམར།
༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༥ ནས་ཚེས་ ༢༨ བར་ལྷན་ཚོགས་གནང་བའི་རྒྱབ་གཉེར་སྙན་ཐོ་ཕྱག་ལེན་མཇུག་སྐྱོང་གནང་ཕྱོགས་སྐོར་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢, ༢༢, ༢༣ བཅས་སོ་སོར་བཀའ་སྤྱི་ལྷན་ཚོགས་ཐོག་བཀའ་བསྡུར་ཞིབ་ལྷུག་དང་འབྲེལ་བཀའ་སྤྱི་སོ་སོ་དང་། བཀའ་སྤྱི་ཐུན་མོང་གིས་གནང་རྒྱུའི་དབྱེ་གསེས་དང་། གནང་ཕྱོགས་འགའ་ཞིག་ཐོག་བཀའ་བསྡུར་ཐག་གཅོད་ཇི་བྱུང་བཅས་བཀོད་པ་གཤམ་གསལ།