༢༠༡༢ ཟླ་ ༡༡ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། །ཏི་ཛུ་དརརྒྱས་གླིང་གཞིས་ཆགས་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༠ རེས་གཟའ་མིག་དམར་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ ནས་ ༦ བར་ཏི་ཛུ་དར་རྒྱས་གླིང་གཞིས་ཆགས་སུ་བོད་ནང་དུ་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༧༦ གིས་རང་ལུས་མེར་སྲེག་བཏང་སྟེ་བོད་མི་ ༦༢ འདས་གྲོངས་སུ་གྱུར་བར། ལྷ་དགོན་བྱང་ཆུབ་ཆོས་གླིང་དབུ་འཛིན་རྫོགས་ཆེན་དགའ་ནོར་རིན་པོ་ཆེ་མཆོག་དབུ་ཞུགས་ཐོག་གཞི་དགོན་གསུམ་གྱི་བླ་གྲྭ་རྣམས་དང་མི་མང་བཅས་ཚང་འཛོམས་ཐོག་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་གསུང་འདོན་གནང་ཡོད་པ་བཅས།།