༢༠༡༢ ཟླ་ ༡༡ ཚེས་ ༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༦ ནས་ཕྱི་ཚེས་ ༡༤ བར་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ལྷོ་ཀོ་རི་ཡའི་ནང་འཛམ་གླིང་གནས་མཇལ་གྱི་དུས་ཆེན། ཞེས་པ་དེར་གཞུང་འབྲེལ་ཕྱོགས་ཕེབས་གནང་སྟེ་ཕྱི་ཚེས་ ༨ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ ཙམ་ལ་ཇོ་གེ་ས་ Jogaesa ནང་པའི་ལྷ་ཁང་དུ་ཀོ་རི་ཡ་ནང་པའི་མཐུན་ཚོགས་ Jaseung Sumim ཀྱི་ཚོགས་གཙོ་སྐུ་ཞབས་ཇ་སུང་སུ་མིམ་མཆོག་དང་མཇལ་འཕྲད་གནང་ཡོད། དབུ་ཁྲིད་རྣམ་གཉིས་སྐར་མ་ ༣༠ ཙམ་རིང་མཇལ་འཕྲད་སྐབས་ཀོ་རི་ཡ་དང་བོད་མིའི་དབར་མཐུན་འབྲེལ་གོང་མཐོར་གཏོང་ཐབས་སྐོར་སོགས་ཀྱི་གནད་དོན་སྐོར་གསུང་མོལ་གནང་ཡོད་པ་བཅས།།
ཆོས་རིག་བཀའ་བློན་མཆོག་ལྷོ་ཀོ་རི་ཡར་འཛམ་གླིང་གནས་མཇལ་གྱི་དུས་ཆེན་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།
གསར་གནས།
འབྲེལ་གནས།