༢༠༡༢ ཟླ་ ༡༠ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །འདི་གར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༧ ཉིན་ཨོ་སི་ཊོ་ལི་ཡའི་བྷེ་རོན་བྷེ་ (Byron Bay) ས་ཁུལ་གྱི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་མུལ་ལམ་བྷིམ་བྷིའི་ (Mullumbimby) གྲོང་ཁྱེར་གྱི་ཁི་རི་སི་ཊལ་ཁ་སེལ་ (Crystal Castle) ཞེས་པའི་བསྟི་གནས་ཁང་དུ་སྤྱིར་འཛམ་གླིང་ཞི་བདེ་ཡོང་ཆེད་དང་ཡང་སྒོས་བོད་མི་ཚོར་དམིགས་ཏེ་དུས་འཁོར་མཆོད་རྟེན་ (Kalachakra Stupa) གསར་བཞེངས་ལེགས་གྲུབ་བྱུང་ཡོད།
དེ་ཡང་མཆོད་རྟེན་གསར་པ་དབུ་འབྱེད་ཀྱི་མཛད་སྒོར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་རྣམས་ཀྱིས་རབ་གནས་གནང་ཡོད། སྐབས་དེར་མཆོད་རྟེན་བཞེངས་སའི་ས་ཆའི་སྦྱིན་བདག་གིས་ཐོག་མར་མཛད་སྒོར་ཕེབས་པ་རྣམས་ལ་འཚམ་འདྲི་ཞུས་རྗེས་དགེ་འདུན་པ་རྣམས་ཀྱིས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་གདན་འདྲེན་ཞུས་ཏེ་བཞུགས་ཁྲིའི་སྟེང་དུ་བཞུགས་སུ་གསོལ་རྗེས་སྟོན་པ་ཐུབ་པའི་དབང་པོའི་སྣང་བརྙན་ཆེན་པོ་ཞིག་གི་སྐུ་མདུན་དུ་རབ་གནས་དང་འབྲེལ་བའི་སྨོན་ལམ་གསུང་དོན་གནང། དེ་རྗེས་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད། མཛད་སྒོའི་སྐབས་ཨོ་སི་ཊོ་ལི་ཡ་དང་ནིའུ་ཛི་ལན་ཌི་བཅས་ནས་ཁྱོན་མི་གྲངས་ ༡༥༠༠ ལྷག་ཕེབས་ཡོད་པ་བཅས།།
ཨོ་སི་ཊོ་ལི་ཡའི་ནང་དུས་འཁོར་མཆོད་རྟེན་གསར་བཞེངས་གནང་བ།
གསར་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)
འབྲེལ་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)