༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ཁྱབ་ཁོངས་ན་གཞོན་རོགས་སྐྱོར་ཚན་པར་ན་གཞོན་གྲངས་ཐོ་ (Data ) བསྡུ་ཉར་ཐོག རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་དང་སྡེ་ར་ལྡུན་ཁུལ་གྱི་བོད་མིའི་གཞིས་ཆགས་ཆེ་ཆུང་ཁག ༡༧ ཆེད་ན་གཞོན་འབྲེལ་མཐུད་པ་གཅིག་གི་ས་མིག་ཐོག་ལོ་གཉིས་རིང་ཆོད་གན་དུ་བསྐོ་གཞག་གནང་རྒྱུ་ཡིན་ན། གོང་གསལ་ལས་འགན་ཐོག་ཞབས་ཞུའི་འདོད་བློ་ཡོད་རིགས་ནས་གཤམ་གསལ་དགོས་ངེས་ཆ་རྐྱེན་ཚང་བ་རྣམས་ནས་རང་ཉིད་ཀྱི་གཞིས་ཁྱིམ་ཁ་བྱང་དང༌། ཨི་མེལ། ཁ་དཔར་ཨང་གྲངས་སོགས་ཁ་གསལ་བཀོད་དེ་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༠ འགྱངས་མེད་གཤམ་གསལ་ཁ་བྱང་ཐོག་འབུལ་འབྱོར་ཟིན་པ་དགོས་རྒྱུ་དང༌། གོང་གསལ་དུས་བཀག་རྗེས་མཚང་སྙན་འབྱོར་རིགས་ལ་ངོས་བཞེས་གནང་རྒྱུ་མིན་པ་བཅས་ཀྱི་གསལ་བསྒྲགས་སུ།
ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༩ ལ།
དགོས་ངེས་ཆ་རྐྱེན།
༡། ཤེས་ཚད་ཨང་ཤོག་དང་ལག་འཁྱེར་ངོ་བཤུས།
༢། དོ་བདག་དང་ཕ་མ་བཅས་ནས་དཔྱ་ཁྲལ་ལག་དེབ་འབུལ་འབབ་ཆ་ཚང་གཙང་འབུལ་ཟིན་པའི་ཤོག་གྲངས་དང་པོ་དང་མཐའ་མའི་ངོ་བཤུས།
༣། གྲངས་ཐོ་ཉར་རྒྱུའི་ (Data-keeping) ཐོག་སློབ་ཐོན་ལག་འཁྱེར་ཡོད་རིགས་ལ་དམིགས་བསལ་གོ་སྐབས་འབུལ་རྒྱུ།
༣། ཁྲིམ་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ཀྱི་ངོ་བཤུས།
༤། སྨན་ཁང་ཚད་ལྡན་ནས་ནད་གཅོང་དང་འགོས་ནད་རིགས་མེད་པའི་གཟུགས་འབབ་ལས་འཕེར་ཡིན་པའི་ངོ་བཤུས།
༥། རང་ལོ་ ༢༥ ནས་ ༤༠ བར། སྐྱེས་ཚེས་ཁུངས་སྐྱེལ་ཆེད་འཛིན་རིམ་ ༡༠ ལག་འཁྱེར་གྱི་ངོ་བཤུས།
༦། རང་ཉིད་ཀྱི་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ལས་ཁུངས་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར།
༧། གོང་འཁོད་ངོ་བཤུས་ཡིག་ཆའི་ཐོག་ས་གནས་འགོ་འཛིན་ནམ་གཞུང་ཞབས་ཟུང་དྲུང་ཡན་ནས་ཁུངས་སྐྱེལ་དན་རྟགས་འགོད་རྒྱུ།
༨། གལ་སྲིད་ད་ལྟ་སྤྱི་སྒེར་སྡེ་ཚན་གང་རུང་ནང་ལས་ཀ་བྱེད་མུས་རིགས་ཡིན་ཚེ་སྡེ་ཚན་དེའི་འགན་འཛིན་ནས་འགག་ཆ་མེད་པའི་ངོས་སྦྱོར་དགོས་རྒྱུ།
འབྲེལ་གཏུགས་བྱ་ཡུལ་ཁ་བྱང།
Kunchok Dhundup
Youth Empowerment Support (YES)
Department of Home
Central Tibetan Administration
Gangchen Kyishong,Distt.Kangra
DHARAMSALA, HP 176215
Ph : 01892-222214, 222412
E-mail : [email protected]