༢༠༡༢ ཟླ་ ༡༠ ཚེས་ ༥ རེས་གཟའ་པ་སངས།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༧ རེས་གཟའ་ཉི་མའི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་རྡ་སྟེང་བོད་ཁྱིམས་སློབ་གྲྭའི་ལག་རྩེད་པོ་ལོའི་རྩེད་ཐང་དུ་ TCV School basketball ground ཚན་རིག་གི་སྐོར་བསྐྱོད་འགྲེམས་སྟོན་དབུ་འབྱེད་ཀྱི་མཛད་སྒོ་ཚུགས་རྒྱུ་ཡིན་འདུག དབུ་འབྱེད་མཛད་སྒོ་གྲུབ་བསྟུན་ཕྱེད་ཡོལ་ཆུ་ཚོད་ ༥།༣༠ བར་འགྲེམས་སྟོན་གནང་རྒྱུ་དང། དེ་ནས་རིམ་བཞིན་ཚན་རིག་གི་སྐོར་བསྐྱོད་འགྲེམས་སྟོན་དེ་བཞིན་རྡ་ཤོད་བོད་ཁྱིམ་སློབ་གྲྭ་དང་དཔེ་སྟོན་སློབ་གྲྭ གྷོ་པལ་པུར་བོད་ཁྱིམ་སློབ་གྲྭ ཅོན་ཏ་ར་བོད་ཁྱིམ་སློབ་གྲྭ སུ་ཇཱ་བོད་ཁྱིམ་སློབ་གྲྭ ཅོན་ཏ་ར་སམ་བྷོ་ཊ་སློབ་གྲྭ་བཅས་སུ་སྐོར་བསྐྱོད་གནང་འཆར་ཡོད་འདུག འགྲེམས་སྟོན་གྱི་མཐུན་འགྱུར་རོགས་རམ་གནང་མཁན་གཙོ་བོ་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ལས་ཁུངས་ཡིན་འདུག་པ་བཅས།།