༄༅། །ཕྱི་ལོ་༢༠༡༣ ནང་སྨན་རྩིས་མཐོ་སློབ་ཁང་དུ་སྨན་སློབ་སྐབས་༡༩ གསར་བསྡུ་བྱ་རྒྱུ་ཡིན་ན། བོད་ཀྱི་གསོ་བ་རིག་པར་སློབ་གཉེར་གནང་འདོད་ཡོད་པ་ཀུན་གྱིས་གཤམ་གསལ་དོན་གནད་ཁག་ལ་ཐུགས་སྣང་ཡོང་བ་ཞུ།
ས་མིག་དང་སློབ་མའི་གྲངས་ཚད།
སྨན་སློབ་སྐབས་༡༩ ཁོངས་སུ་སྨན་སློབ་གྲངས་༣༠ བསྡུ་རྒྱུའི་ཐད། དགོས་གལ་དབང་གིས་གཤམ་གསལ་ལྟར་ས་མིག་ཆ་བགོས་བྱས་པ་ཡིན།
- ཀ) གཏན་སློབ་ཁོངས་ཕོ་མོ་དབྱེར་མེད་ལ་ས་མིག………………………………..༡༧
- ཁ) ཕྱི་རྒྱལ་མི་རིགས་ལ་ས་མིག…………………………………………………………༡
- ག) ཧི་མ་ལ་ཡའི་རི་བརྒྱུད་ལ་ས་མིག………………………………………………….༢
- ག) སྨན་རྩིས་ཁང་གི་ལས་བྱེད་པའི་བུ་ཕྲུག་ལ་ས་མིག……………………… …….༢
- ང) བོད་ནས་གསར་དུ་འབྱོར་བ་གྲངས་……………………………………………….༦
- ཅ) བཙུན་མ་གྲངས་……………………………………………………………………….༢
- ཆ) དགེ་འདུན་གྲངས་…………………………………………………………………….༢
རྒྱུགས་གཞི་དང་བརྒྱ་ཆའི་ཐོབ་གྲངས།
- ༡) སུམ་ཅུ་པར་ཐོབ།…………………………..༡༥%
- ༢) རྟགས་འཇུག་ལ་ཐོབ།…………………….༡༥%
- ༣) སྤྱིའི་ཤེས་བྱ་ལ་ཐོབ།………………………༢༠%
- ༤) རྩོམ་ཡིག་ལ་ཐོབ།………………………….༣༠%
- ༥) དབྱིན་ཡིག་ལ་ཐོབ།……………………….༢༠%
- ༦) ངག་རྩལ་རྒྱུགས།……………………………༣༠%
དམིགས་བསལ་མཇུག་བསྣོན་ཐོབ་གྲངས།
- ༧) ཚན་རིག……………………………………….༡༠%
- ༨) Bachelor དང་ Master…………………….༡༠%
བོད་ཕྲུག་རྣམས་ལ་སློབ་འཇུག་གི་དགོས་ངེས་ཆ་རྐྱེན།
- ཀ) དོ་བདག་ནས་དང་བླངས་དཔྱ་ཁྲལ་དུས་ཐོག་ཕུལ་པའི་ས་གནས་རང་བདེན་ཚོགས་ཆུང་གི་རྒྱབ་གཉེར།
- ཁ) བུ་ལོན་སྒྲུབ་འཇལ་བྱ་དགོས་ཀྱི་རྙོག་གླེང་དང༌། བོད་ཀྱི་རྩ་དོན་ལ་གནོད་གཞིའི་བྱ་སྤྱོད་རིགས་སྤེལ་མྱོང་མེད་པའི་ས་གནས་འགོ་འཛིན་དང༌། ས་གནས་འགོ་འཛིན་མེད་སར་ས་གནས་རང་བདེན་ཚོགས་ཆུང་གི་རྒྱབ་གཉེར།
- ག) རང་ལོ་ཉེར་ལྔ་ལས་མ་བརྒལ་བ། དོ་བདག་ཉིད་ཀྱི་ལག་ཁྱེར་སྐྱེས་ཚེས་ལ་གཞི་བཞག་ནས་སྙན་ཞུ་འབུལ་ལེན་གྱི་མཐའ་མའི་མཚམས་འཇོག་གི་དུས་ཚེས་བར་རྩིས་རྒྱུ་ཡིན།
- ང) གནས་ཡུལ་རྒྱལ་ཁབ་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་འཁྱེར་ (R.C.) ཡོད་པ།
- ཅ) རང་ཉིད་གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པ་ཚད་ལྡན་གྱི་ངོས་སྦྱོར།
- ཆ) རིག་འཚོ་མ་ཟིན་པ་དང་དབང་པོ་སྐྱོན་ཅན་མ་ཡིན་པ།
- ཇ) གཏན་སློབ་དང་སྨན་རྩིས་ལས་བྱེད་བུ་ཕྲུག་རྣམས་འཛུལ་ཞུགས་བྱེད་པར་དམའ་མཐར་འཛིན་རིམ་བཅུ་གཉིས་ཐོན་པའི་ལག་འཁྱེར་དང༌། སློབ་གྲྭ་གང་ནས་ཐོན་པའི་ངོས་སྦྱོར། རྒྱུགས་འབྲས་ཐོབ་ཁྲ། སྤྱོད་ལམ་གྱི་ལག་འཁྱེར་བཅས་དགོས།
- ཉ) བོད་ནས་གསར་དུ་འབྱོར་བ་དང་གྲྭ་བཙུན་རྣམས་ལ་འཛིན་རིམ་བཅུ་གཉིས་ཀྱི་བོད་ཡིག་གནས་ཚད་སྟེང་སྡེ་ཚན་སོ་སོའི་ངོས་སྦྱོར་ཚད་ལྡན་དགོས་རྒྱུ།
- ཏ) སློབ་ཕྲུག་སོ་སོའི་ཉེ་དུས་ཀྱི་ཕྱེད་པར་གཉིས་རེ།
- ཐ) སློབ་ཁོངས་སུ་ཚུད་པར་མ་མཐར་བརྒྱ་ཆ་ལྔ་བཅུ་ལོན་དགོས་པ་དང༌། དེ་ཡང་བསྡུ་ཁོངས་སོ་སོའི་བརྒྱ་ཆའི་མཐོ་རིམ་བཞིན་སློབ་འཇུག་བྱ་རྒྱུ་ཡིན།
ཧི་མ་ལ་ཡའི་རི་བརྒྱུད་དང་ཕྱི་རྒྱལ་མི་རིགས་རྣམས་ལ་སློབ་འཇུག་གི་དགོས་ངེས་ཆ་རྐྱེན།
- ཀ) སྨན་སློབ་ཁོངས་སུ་འཛུལ་ཞུགས་བྱེད་པར་དམའ་མཐར་འཛིན་རིམ་བཅུ་གཉིས་ཐོན་པའི་ལག་འཁྱེར་ངེས་པར་དགོས།
- ཁ) བོད་ཀྱི་སྐད་ཡིག་འབྲི་ཀློག་ཤེས་དགོས་པར་མ་ཟད་སློབ་ཕྲུག་སྤྱི་མཚུངས་ལྟར་ཚུད་རྒྱུགས་ངེས་པར་གཏོང་དགོས།
- ག) ཕྱི་རྒྱལ་བ་ཡིན་ཚེ་རང་ཉིད་གནས་ཡུལ་རྒྱལ་ཁབ་དེའི་ནང་ངམ། ཉེ་འཁོར་དུ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ཡོད་ན་དང༌། དེ་མིན་བོད་དོན་རྒྱབ་སྐྱོར་ཚོགས་པ་གང་རུང་གི་རྒྱབ་གཉེར་ངོས་སྦྱོར་དགོས།
- ང) རྒྱ་གར་དུ་ལོ་དྲུག་སློབ་སྦྱོང་བྱ་ཆོག་པའི་སློབ་གཉེར་མཐོང་མཆན་ (Student Visa) ངེས་པར་དུ་ཡོད་དགོས་པ་དང༌། དུས་ཚོད་འཕར་འགྱངས་བྱ་རྒྱུ་སོགས་དོ་བདག་སོ་སོས་འགན་ལེན་བྱེད་དགོས་པ་ལས་འདི་ལས་ནས་འགན་ལེན་ཞུ་རྒྱུ་མིན།
- ཅ) ཧི་མ་ལ་ཡ་རི་བརྒྱུད་ཁོངས་ཡིན་པ་རྣམས་ལ་རང་ཉིད་གནས་ཡུལ་མངའ་སྡེའི་ནང་སྲིད་ལས་ཁུངས་ཀྱི་རྒྱབ་གཉེར་ཡིག་དཔང་ཚད་ལྡན་དགོས་པའི་ཐོག འོས་འཕེན་ལག་འཁྱེར་ (Voting Card) ངོ་མ་ངེས་པར་དུ་དགོས།
- ཆ) ཕྱི་རྒྱལ་མི་རིགས་རྣམས་ཀྱི་སློབ་ཡོན་སོགས་རང་ཁུངས་ནས་དུས་ཐོག་སོ་སོར་འབུལ་དགོས།
- ཇ) སློབ་ཁོངས་སུ་ཚུད་པར་མ་མཐར་བརྒྱ་ཆ་ལྔ་བཅུ་ལོན་དགོས་པ་དང༌། དེ་ཡང་བརྒྱ་ཆ་མཐོ་རིམ་བཞིན་སློབ་འཇུག་བྱ་རྒྱུ་ཡིན།
འཛུལ་རྒྱུགས་འགེངས་ཤོག་འབྱོར་ཚེས་མཐའ་མ།
- ཕྱི་ལོ༢༠༡༢ ཟླ་༡༠ ཚེས་༡༥ ནས་ཕྱི་ལོ་༢༠༡༣ ཟླ་༣ ཚེས་༡༥ བར་འཛུལ་རྒྱུགས་འགེངས་ཤོག་བསྡུ་ལེན་བྱ་རྒྱུ་དང༌། དེ་ལས་བརྒལ་ཚེ་ངོས་ལེན་ཞུ་རྒྱུ་མིན།
- འཛུལ་རྒྱུགས་གཏོང་འདོད་ཡོད་པ་རྣམས་ནས་འགེངས་ཤོག་རྡ་ས་དབུས་སྨན་རྩིས་མཐོ་སློབ་ཡིག་ཚང་ནས་བཞེས་རྒྱུའམ། ཡང་ན་སྨན་རྩིས་ཁང་གི་དྲ་རྒྱ་ (www.men-tsee-khang.org) ནས་ཕབ་བཤུས་གནང་དགོས་པ་དང༌། འགེངས་ཤོག་གི་ནང་དོན་འཚེམས་ལུས་མེད་པར་བཀང་སྟེ་གོང་གསལ་དུས་བཀག་ནང་ཚུན་མཐོ་སློབ་དྲུང་ཡིག་སར་འབྱོར་ཐུབ་པ་བྱེད་དགོས།
- འཛུལ་རྒྱུགས་འགེངས་ཤོག་སྦྲག་ཐོག་གམ་མི་འགྲོ་བརྒྱུད་ནས་བཏང་སྟེ་སྨན་རྩིས་མཐོ་སློབ་ཡིག་ཚང་དུ་འཕྲོད་འབྱོར་མ་བྱུང་སྟེ་ལམ་བར་བོར་བརླག་སོང་རིགས་འདི་ལས་ནས་འགན་ལེན་བྱ་རྒྱུ་མིན།
འཛུལ་རྒྱུགས་གཏོང་ཡུལ་དང་གཏོང་དུས།
- འཛུལ་རྒྱུགས་གཏོང་ཡུལ་བཞུགས་སྒར་རྡ་སའི་སྨན་རྩིས་མཐོ་སློབ་ཚོགས་ཁང་ཡིན།
- དངོས་གཞིའི་ཡིག་ཚད་གཏོང་དུས་ཕྱི་ལོ་༢༠༡༣ ཟླ་༥ ཚེས་༡ ནས་ཚེས་༤ བར་ཡིན།
འབྲེལ་བ་གནང་ཡུལ།
College Secretary
Tibetan Medical & Astro. College
Gangchen Kyishong-176215
Dharamsala (H.P.) INDIA
Phone: 01892-223113,223222
Fax: 01892-224116
Email: [email protected]/[email protected]
བོད་ཀྱི་སྨན་རྩིས་མཐོ་སློབ་ཡིག་ཚང་ནས་༢༠༡༢ ཟླ་༩ ཚེས་༡༥ ལ།།