༢༠༡༢ ཟླ་ ༩ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༢ ཉིན་ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཡོངས་བདེ་སྲུང་ལས་ཁུངས་ཀྱི་སློབ་སྟོན་པ་གཞོན་པ་སྐུ་ཞབས་ཌེ་ནི་སི་མེཀ་ཌོ་ནོབ་ (White House Deputy National Security Advisor Denis McDonough) མཆོག་གིས་ཨ་རིའི་ཡི་ཤུའི་རྣམ་དག་གི་ལྷན་ཚོགས་ United States Conference of Catholic Bishops ཤིག་ཏུ་གསུང་བཤད་གནང་སྐབས། རྒྱ་ནག་གཞུང་གིས་བོད་རིགས་གནས་སྡོད་བྱེད་སའི་ས་ཁུལ་དུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེས་བོད་མིའི་ཆོས་དང་རིག་གཞུང། སྐད་ཡིག་སོགས་ལ་དམ་བསྒྲགས་ཀྱིས་རིག་གཞུང་དེ་དག་ལ་ཉེན་ཚབས་ཧ་ཅང་བཟོས་དང་བཟོ་མུས་ཡིན་པར་བརྟེན། གནས་སྟངས་ཛ་དྲག་པོ་ཆགས་བཞིན་པའི་འོག་བོད་མི་བཅུ་ཕྲག་འགས་ཤས་ནས་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་བྱུང་ཡོད། ཅེས་གསུངས་ཡོད་པ་བཅས།།
ཨ་རིའི་རྒྱལ་ཡོངས་བདེ་སྲུང་ལས་ཁུངས་ཀྱི་སློབ་སྟོན་པ་གཞོན་པ་མཆོག་གིས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་སྐྱོན་བརྗོད་གནང་བ།
གསར་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)
འབྲེལ་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)