༢༠༡༢ ཟླ་ ༩ ཚེས་ ༡ རེས་གཟའ་སྤེན་པ།
༄༅། བཙན་འབྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་དང༌། ཤེས་རིག་ལས་ཁུངས། རྩིས་ཞིབ་ལས་ཁུངས་སོ་སོའི་ཆེད་ལས་བྱེད་ས་མིག་སྟོང་པ་ཐོན་པར་ཁ་སྐོང་གསར་འདེམས་བསྐོ་གཞག་གནང་རྒྱུ་ཡིན་ན། གཤམ་གསལ་ས་མིག་སོ་སོའི་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་དུ་ཞུགས་ཏེ་ཞབས་ཞུ་མུ་མཐུད་ཞུ་འདོད་ཡོད་རིགས་ནས་གཤམ་གསལ་ཁ་བྱང་ཐོག་འཚང་སྙན་འབུལ་འཐུས།
ཀ༽ ཕྱི་དྲིལ་ལས་ཁུངས་ཆེད་ཁྱད་ལས་པའི་དཔར་པའི་ས་མིག ༡ ཡོད།
དགོས་མཁོའི་ཆ་རྐྱེན།
༡༽ གནས་རིམ། ཁྱད་ལས་པའི་དྲུང་གཞོན་ལས་རོགས།
༢༽ ཤེས་ཚད། ཉུང་མཐར་ཚད་ལྡན་མཐོ་སློབ་ཞིག་ནས་དཔར་པའི་སློབ་སྦྱོང་ཐོན་པའམ་གནས་ཚད་མཉམ་པའི་ལག་འཁྱེར་ཡོད་པ།
Bachelor in Photo Journalism OR equivalent degree)
༣༽ ལོ་ཚད། ༢༠༡༢།༠༩།༣༠ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༣༥ ལས་མ་བརྒལ་བ་དགོས།
༤༽ ཉམས་མྱོང༌། གསར་འགྱུར་དང་འབྲེལ་བའི་པར་མཁོ་སྤྲོད་བྱས་པའི་ལས་ཀའི་ཉམས་མྱོངཉུང་མཐར་ལོ་ ༡ ཡོད་པ།
༥༽ ལས་འགན། གསར་འགྱུར་བརྒྱུད་ལམ་ཁག་ལ་པར་མཁོ་སྤྲོད་ཆེད་ས་གནས་གང་སར་འགྲོ་བསྐྱོད་དང༌། དེང་དུས་ཀྱི་འཕྲུལ་
ཆས་ཀམ་སྤུ་ཀྲར་ནས་དགོས་མཁོ་བཞིན་བཟོ་བཏོན་བྱ་རྒྱུ། གཞན་ཡང་ལས་ཁུངས་ཀྱི་འབྲེལ་ཆགས་ལས་བགོས་ཇི་ གནང་ལ་དྭངས་ལེན་ཞུ་དགོས།
༦༽ རྒྱུགས་གཞི། ཁྱད་ལས་པའི་འདེམས་རྒྱུགས་སྒྲིག་གཞི་ལྟར་ངག་རྒྱུགས་ལེན་རྒྱུ་བཅས།
ཁ༽ ཤེས་རིག་ལས་ཁུངས་ཆེད་ཁྱད་ལས་པའི་མདུན་ལམ་སློབ་སྟོན་པའི་ལས་རོགས་ཀྱི་ས་མིག་གྲངས་ ༡ ཡོད།
དགོས་མཁོའི་ཆ་རྐྱེན།
༡༽ གནས་རིམ། ཁྱད་ལས་པའི་དྲུང་གཞོན་ལས་རོགས།
༢༽ ཤེས་ཚད། ངོས་འཛིན་ཡོད་པའི་རྒྱ་གར་དང་ཕྱི་རྒྱལ་མཐོ་རིམ་གཙུག་ལག་སློབ་ཁང་གང་རུང་ནས། བསམ་བློའི་ཚན་རིག
(Psychology) ཐོག་གཙུག་ལག་རབ་འབྱམས་པ (M.A.or MSc. in Psychology) ཐོན་པའམ། ཡང་ན་ཤེས་ཡོན་རིག་པའི་གཙུག་ལག་རབ་འབྱམས་པ་(M.A.Education) ཐོན་པའི་ཤེས་ཚད་ལག་འཁྱེར་ཡོད་ལ། དེ་དག་ལ་གྲུབ་འབྲས་ཨང་སྡེ་གཉིས་པ་ (2nd Div.) ཡོད་ངེས་ངོས་འཛིན་ཡོད་པའི་མཐོ་རིམ་སློབ་ཁང་གང་རུང་ནས་ཐོན་པ། སློབ་ཕྲུག་གི་མདུན་ལམ་དང་བྱ་སྤྱོད་ལམ་སྟོན་ (Guidance & Counceling) ཐོག་ཉུང་མཐར་དུས་ཡུན་ཟླ་དྲུག་རིང་མཐོ་རིམ་ཁྱད་སྦྱོང་ (Post Graduate Diploma) གང་རུང་ཐོན་པའི་ལག་འཁྱེར་ཡོད་དགོས། འོན་ཀྱང་རྩ་བའི་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་དེ་ཉིད་སློབ་ཕྲུག་གི་མདུན་ལམ་དང་བྱ་སྤྱོད་ལམ་སྟོན་པ་(Master Degree in career Counseling & Guidance) ཐོན་པ་ཡིན་ཚེ་གོང་གསལ་མཐོ་རིམ་ཁྱད་སྦྱོང་གི་ལག་འཁྱེར་ཟུར་དུ་མེད་ཀྱང་འགྲིག་རྒྱུ།
༣༽ ཉམས་མྱོང༌། སློབ་ཕྲུག་གི་མདུན་ལམ་དང་བྱ་སྤྱོད་ལམ་སྟོན་པའི་ཉམས་མྱོང་ཡོད་རིགས་དང༌། དགེ་རྒན་གྱི་ལས་སྒོར་ཞུགས་མྱོང་ཡོད་རིགས་ལ་དམིགས་བསལ་དགོངས་བཞེས་གནང་རྒྱུ།
༤༽ ལས་འགན། མདུན་ལམ་སློབ་སྟོན་པའི་ལས་རོགས་ཀྱི་འགན་འཁུར་ཞུ་དགོས།
༥༽ ལོ་ཚད། ༢༠༡༢།༠༩།༣༠ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༣༥ ལས་མ་བརྒལ་བ་དགོས།
༦༽ རྒྱུགས་གཞི། ངག་རྒྱུགས་ཀྱི་ལམ་ནས་དྲག་འདེམས་ཀྱིས་བསྐོ་གཞག་གནང་རྒྱུ།
ག༽ སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་ཆེད་འགན་འཛིན་སྡེ་ཚན་ཁོངས་དྲུང་གཞོན་ ༣ དང༌། ལས་བྱའི་སྡེ་ཚན་ཁོངས་སྡེ་འགན་ ༡ བཅས་ས་མིག་གྲངས་ ༤ ཡོད།
དགོས་མཁོའི་ཆ་རྐྱེན།
༡༽ གནས་རིམ། དྲུང་གཞོན་དང༌། སྡེ་འགན།
༢༽ ཤེས་ཚད། ཉུང་མཐར་ཚད་ལྡན་མཐོ་རིམ་སློབ་གྲྭ་ཞིག་ནས་ (B.com) ཐོན་པའི་ལག་འཁྱེར་ཡོད་པའམ་ཡང་ན་དེ་དང་མཉམ་པའི་རྩིས་འབྲེལ་ཤེས་ཚད་ལག་འཁྱེར་ཡོད་པ།
༣༽ ཉམས་མྱོང༌། དྲུང་གཞོན་ཆེད་རྩིས་པའི་ཉམས་མྱོང་ཉུང་མཐར་ལོ་ ༥ ཡན་ཡོད་པ།
༤༽ ལོ་ཚད། ༢༠༡༢།༡༠།༡༥ བར་དྲུང་གཞོན་གནས་རིམ་ཆེད་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༣༥ ལས་མ་བརྒལ་བ་དང༌།
སྡེ་འགན་གནས་རིམ་ཆེད་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས་རྒྱུ།
༥༽ རྒྱུགས་གཞི། བོད་ཡིག་དང༌། རྩིས་ཀྱི་འབྲི་རྒྱུགས་ཐོག་བོད་དབྱིན་ངག་རྒྱུགས་བཅས་སྒྲིག་གསལ་ལྟར་ལེན་རྒྱུ།
༦༽ སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་ཆེད་གོང་གསལ་གནས་རིམ་ཁག་གཉིས་ནས་འཚང་སྙན་འབུལ་མི་སོ་སོས་གནས་རིམ་གཅིག་གི་ཐོག་མ་གཏོགས་འཚང་སྙན་འབུལ་མི་ཆོག
གོང་གསལ་ས་མིག་སོ་སོའི་ཆེད་ཆ་རྐྱེན་ལྡན་རིགས་ནས་སྙན་ཞུའི་འགེངས་ཤོག་འདི་ག་ལས་བྱེད་འདེམས་བསྐོ་ལྷན་ཁང་དང༌། ས་གནས་འགོ་འཛིན་ལས་ཁང༌། གཞུང་འབྲེལ་དྲ་རྒྱ་ (www.tibet.net) གང་རུང་ནས་ཞུ་བཏོན་བྱས་ཏེ་འཚང་སྙན་འགེངས་ཤོག་འཚེམས་ལུས་མེད་པ་བཀང་སྟེ་གཤམ་གསལ་ཡིག་ཆ་མཉམ་འབུལ་དགོས།
༡ རང་ཉིད་ཀྱི་ད་ལྟའི་ཕྱེད་དཔར་ཚོན་ལྡན་གཉིས་རེ་དང༌།
༢ མཐའ་མའི་ཤེས་ཚད་ཨང་ཤོག་དང༌། ལག་འཁྱེར་ (Mark Sheet Certificate) ངོ་བཤུས།
༣ འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ། གཉིས་པ། མཐའ་མ་བཅས་ཀྱི་ངོ་བཤུས།
༤ གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་འཁྱེར་རམ་ཡིག་ཆ། ཡང་ན་ལག་འཁྱེར་R.Cཤོག་གྲངས་དང་པོ་དང༌། དུས་འགྱངས་ཞུས་པའི་མཐའ་མའི་ངོ་བཤུས།
༥ བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང༌། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ཁ་གསར་སྟེང་རང་ཉིད་ཀྱི་འདྲ་དཔར་མཉམ་སྦྱར་ཐོག་དག་མཆན་ལས་དམ་འཁོད་པ།རྡ་ས་བདེ་ལེགས་སྨན་ཁང་གི་ངོས་སྦྱོར་ལ་སྨན་པ་ས་འདུ་ཚེ་བརྟེན་རྡོ་རྗེའི་ངོས་སྦྱོར་ཞུ་དགོས།
༦ སྐྱེས་ཚེས་ལག་འཁྱེར་ཡོད་ན་དང་དེ་མིན་ཁུངས་སྐྱེལ་ཆེད་འཛིན་རིམ་ ༡༠ པའི་ལག་འཁྱེར་ངོ་བཤུས་གང་རུང༌།
༧ རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་བྱ་སྦྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར། (character certificate)
༨ གལ་སྲིད་ད་ལྟ་སྤྱི་སྒེར་སྡེ་ཚན་གང་རུང་ནང་ལས་ཀ་བྱེད་མུས་རིགས་ཡིན་ན་སྡེ་ཚན་དེའི་འགན་འཛིན་ནས་དགག་ཆ་མེད་པའི་ངོས་སྦྱོར་བཅས་ ༢༠༡༢ ཕྱི་ཟླ་ ༩ ཚེས་ ༣༠ དང༌། རྩིས་ཞིབ་ས་མིག་ཏུ་ ༢༠༡༢ ཟླ་ ༡༠ ཚེས་ ༡༥ འགྱངས་མེད་རང་ཉིད་ཀྱི་ཁྱིམ་གཞིས་དང་སླད་འབྲེལ་བ་གནང་བདེའི་ཁ་བྱང་དང༌། ཁ་དཔར་ཨང༌། གློག་འཕྲིན།E-Mailཁ་བྱང་སོགས་ཁ་གསལ་བཀོད་དེ་གཤམ་གསལ་མཚན་བྱང་ཐོག་འབུལ་འབྱོར་ཟིན་པ་དགོས་རྒྱུ། ཆ་རྐྱེན་ཚང་བ་དང་ཚོད་བལྟའི་དུས་ཚེས་གཙང་བའི་ལས་བྱེད་ཡིན་མུས་སུ་རུང་གནས་རིམ་འོག་མ་ནས་ཀྱང་སྒྲིག་གསལ་ལྟར་འཚང་སྙན་འབུལ་ཆོག་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་སྙན་ནམ་གོང་འཁོད་ཡིག་ཆ་འབུལ་འབྱོར་བྱུང་རིགས་རང་བཞིན་གྱིས་རྩིས་མེད་གཏོང་རྒྱུ་ཡིན། འཚང་སྙན་དུས་ཐོག་འབྱོར་རིགས་རྣམས་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་དུས་ཐོག་འབོད་བརྡ་བྱ་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་འབྱོར་ཐོ་འགོད་བཅར་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༡༢ ཟླ་ ༩ ཚེས་ ༡ ལ།།
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Distt.Kangra, (H.P)
Tel: 01892-226240
Telefax: 01892-222328
E-mail: [email protected]