༢༠༡༢ ཟླ་ ༩ ཚེས་ ༡ རེས་གཟའ་སྤེན་པ།
༄༅། བཙན་འབྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཁ་བསྐོང་གསར་འདེམས་བསྐོ་གཞག་གནང་རྒྱུ་ཡིན་པའི་གཤམ་གསལ་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་དུ་ཞུགས་ཏེ་ཞབས་ཞུ་མུ་མཐུད་ཞུ་འདོད་ཡོད་རིགས་ནས་གཤམ་འཁོད་ཁ་བྱང་ཐོག་འཚང་སྙན་འབུལ་འཐུས།
ཀ༽ ལས་བྱེད་འགན་འཛིན་སྡེ་ཚན་གྱི་གནས་རིམ་ཁོངས་ཟུང་དྲུང་ ༤ དང༌། དྲུང་གཞོན། ༢ དྲུང་ལས་ ༩ བཅས་ས་མིག་བསྡོམས་ ༡༥ དང༌།
ཁ༽ ལས་བྱའི་སྡེ་ཚན་གྱི་གནས་རིམ་ཁོངས་སྡེ་ཚན་འགན་འཛིན་གྱི་ས་མིག་གྲངས་ ༤ དང༌། ལས་ཁུངས་དོ་དམ་པ་གྲངས་ ༤ ལས་དྲུང་གྲངས་༥ རྒན་དྲུང་གྲངས་༨ གཞོན་དྲུང་གྲངས་ ༧ བཅས་བསྡོམས་ས་མིག་གྲངས་ ༢༨ ཡོད།
དགོས་ངེས་ཆ་རྐྱེན། ཀ༽ འགན་འཛིན་སྡེ་ཚན།
- ཤེས་ཚད། ཟུང་དྲུང་དང༌། དྲུང་གཞོན། དྲུང་ལས་ཀྱི་གནས་རིམ་ཆེད་ཚད་ལྡན་མཐོ་སློབ་ཞིག་ནས་ཉུང་མཐར་ B.A./B.Com/B.Sc. གང་རུང་ཐོན་པའམ་ཡང་ན་དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ཡོད་པ།
- ལོ་ཚད། ༢༠༡༢།༡༠།༢༠ བར་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༣༥ ལས་མ་བརྒལ་བ་དགོས་རྒྱུ།
- རྒྱུགས་གཞི། འདེམས་རྒྱུགས་ཀྱི་སྒྲིག་གཞི་གཏན་འབེབས་ཡོད་པ་ལྟར་བོད་དབྱིན་འབྲི་རྒྱུགས་དང༌། བོད་དབྱིན་ངག་རྒྱུགས་ ཀྱི་ལམ་ནས་འདེམས་སྒྲུག་བྱ་རྒྱུ།
ཁ༽ ལས་བྱའི་སྡེ་ཚན།
༡ ཤེས་ཚད། སྡེ་ཚན་འགན་འཛིན་དང༌། ལས་ཁུངས་དོ་དམ་པའི་གནས་རིམ་གཉིས་ཀར་ཉུང་མཐར་B.A./B.Com/B.Sc ཐོན་པའམ་ཡང་ན་དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ཡོད་དགོས་པ་ཡིན།
ལས་དྲུང་དང༌། རྒན་དྲུང༌། གཞོན་དྲུང་གནས་རིམ་སོ་སོར་འཛིན་རིམ་བཅུ་གཉིས་ཐོན་པའམ་ཡང་ན་དེ་དང་མཉམ་པའི་རྩ་འཛིན་ངོས་ལེན་འཕེར་བའི་ཤེས་ཚད་ལག་འཁྱེར་ཡོད་དགོས་པ་ཡིན།
༢ ལོ་ཚད། ༢༠༡༢།༡༠།༢༠ བར་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས་རྒྱུ།
༣ རྒྱུགས་གཞི། འདེམས་རྒྱུགས་ཀྱི་སྒྲིག་གཞི་གཏན་འབེབས་ཡོད་པ་ལྟར་བོད་དབྱིན་འབྲི་རྒྱུགས་དང༌། བོད་དབྱིན་ངག་རྒྱུགས་ཀྱི་ལམ་ནས་འདེམས་སྒྲུག་བྱ་རྒྱུ།
གོང་གསལ་སྡེ་ཚན་གཉིས་ཀའི་ཁོངས་ནས་གནས་རིམ་གཅིག་ལས་མང་བར་འཚང་སྙན་འབུལ་མི་ཆོག
གོང་གསལ་ས་མིག་སོ་སོའི་ཆ་རྐྱེན་ལྡན་རིགས་ནས་སྙན་ཞུའི་འགེངས་ཤོག་འདི་ག་ལས་བྱེད་འདེམས་བསྐོ་ལྷན་ཁང་དང༌། ས་གནས་འགོ་འཛིན་ལས་ཁང༌། གཞུང་འབྲེལ་དྲ་རྒྱ་ (www.tibet.net) གང་རུང་ནས་ཞུ་བཏོན་བྱས་ཏེ་འཚང་སྙན་འགེངས་ཤོག་འཚེམས་ལུས་མེད་པ་བཀང་སྟེ་གཤམ་གསལ་ཡིག་ཆ་མཉམ་འབུལ་དགོས།
- རང་ཉིད་ཀྱི་ད་ལྟའི་ཕྱེད་དཔར་ཚོན་ལྡན་གཉིས་རེ་དང༌།
- ཤེས་ཚད་ཨང་ཤོག་དང༌། ལག་འཁྱེར་ Marksheet & Certificate) ངོ་བཤུས།
- འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ། གཉིས་པ། མཐའ་མ་བཅས་ཀྱི་ངོ་བཤུས།
- གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་འཁྱེར་རམ་ཡིག་ཆ། ཡང་ན་ལག་འཁྱེར་R.Cཤོག་གྲངས་དང་པོ་དང༌། དུས་འགྱངས་ཞུས་པའི་མཐའ་མའི་ངོ་བཤུས།
- བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང༌། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ཁ་གསར་སྟེང་རང་ཉིད་ཀྱི་འདྲ་དཔར་མཉམ་སྦྱར་ཐོག་དག་མཆན་ལས་དམ་འཁོད་པ།རྡ་ས་བདེ་ལེགས་སྨན་ཁང་གི་ངོས་སྦྱོར་ལ་སྨན་པ་ས་འདུ་ཚེ་བརྟེན་རྡོ་རྗེའི་ངོས་སྦྱོར་ཞུ་དགོས།
- སྐྱེས་ཚེས་ལག་འཁྱེར་ཡོད་ན་དང་དེ་མིན་ཁུངས་སྐྱེལ་ཆེད་འཛིན་རིམ་ ༡༠ པའི་ལག་འཁྱེར་ངོ་བཤུས་གང་རུང༌།
- རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་བྱ་སྦྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ངོ་མ། (character certificate)
- གལ་སྲིད་ད་ལྟ་སྤྱི་སྒེར་སྡེ་ཚན་གང་རུང་ནང་ལས་ཀ་བྱེད་མུས་རིགས་ཡིན་ན་སྡེ་ཚན་དེའི་འགན་འཛིན་ནས་དགག་ཆ་མེད་པའི་ངོས་སྦྱོར་ངོ་མ་བཅས་ ༢༠༡༢ ཕྱི་ཟླ་ ༡༠ ཚེས་ ༢༠ འགྱངས་མེད་རང་ཉིད་ཀྱི་ཁྱིམ་གཞིས་དང་སླད་འབྲེལ་བ་གནང་བདེའི་ཁ་བྱང་དང༌། ཁ་དཔར་ཨང༌། གློག་འཕྲིན།E-Mailཁ་བྱང་སོགས་ཁ་གསལ་བཀོད་དེ་གཤམ་གསལ་མཚན་བྱང་ཐོག་འབུལ་འབྱོར་ཟིན་པ་དགོས་རྒྱུ། ཆ་རྐྱེན་ཚང་བ་དང་ཚོད་བལྟའི་དུས་ཚེས་གཙང་བའི་ལས་བྱེད་ཡིན་མུས་སུ་རུང་གནས་རིམ་འོག་མ་ནས་ཀྱང་སྒྲིག་གསལ་ལྟར་འཚང་སྙན་འབུལ་ཆོག་རྒྱུ།
གོང་གསལ་དུས་བཀག་རྗེས་འཚང་སྙན་ནམ་གོང་འཁོད་ཡིག་ཆ་འབུལ་འབྱོར་བྱུང་རིགས་རང་བཞིན་གྱིས་རྩིས་མེད་གཏོང་རྒྱུ་ཡིན། འཚང་སྙན་དུས་ཐོག་འབྱོར་རིགས་རྣམས་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་དུས་ཐོག་འབོད་བརྡ་བྱ་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་འབྱོར་ཐོ་འགོད་བཅར་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༡༢ ཟླ་ ༩ ཚེས་ ༡ ལ།།
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Distt.Kangra, (H.P)
Tel: 01892-226240
Telefax: 01892-222328
E-mail: [email protected]