༢༠༡༢ ཟླ་ ༩ ཚེས་ ༡ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༦ ནས་ ༢༨ བར་ཡུ་རོབ་རྒྱལ་ཁབ་སི་པན་གྱི་རྒྱལ་སའི་ནང་སི་པན་རྒྱ་རིགས་མང་གཙོ་ཚོགས་པ་དང་རྒྱ་རིགས་མང་གཙོ་མཉམ་མཐུན་ཚོགས་པའི་འགན་འཛིན། རྒྱ་རིགས་རྩོམ་པ་པོ་སྙན་གྲགས་ཅན་ཝང་ཁོ་ཆུས་ལགས། རྒྱ་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཟུར་པ་ཝང་ཙེ་ལགས། དེ་བཞིན་སུད་སི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་བློ་བཟང་ཉི་མ་ལགས་སོགས་ཀྱིས་ད་ལྟའི་བོད་རྒྱ་གཉིས་ཀྱི་གནས་སྟངས་དང་ལྷག་པར་བོད་མི་རང་ལུས་མེར་བསྲེགས་ཀྱི་གནད་དོན་ཐོག་བགྲོ་གླེང་གི་ཚོགས་འདུ་སྐོང་ཚོགས་གནང་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། སྐབས་དེར་རྒྱ་རིགས་སྐུ་ཚབ་ཀྱིས་གསུང་བཤད་གནང་དོན། བོད་རྒྱའི་དཀའ་རྙོག་སེལ་ཆེད་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ལམ་སྟོན་མཛད་པའི་གཉིས་སྨན་དབུ་མའི་ལམ་དེ་བཞིན་འཚམ་ཤོས་ཡིན། དུས་ད་བར་དུ་བོད་ཀྱི་གནས་སྟངས་དང་མི་རིགས་ཕན་ཚུན་གྱི་འཁྲུག་རྩོད། དེ་བཞིན་ཆོས་དད་རང་མོས་བྱེད་མི་ཆོག་པའི་གནས་སྟངས་དེ་དག་གཙོ་བོ་རྒྱ་ནག་གུང་ཁྲན་སྲིད་གཞུང་གི་ལྟ་གྲུབ་ལ་ཐུག་ཡོད། རྒྱ་ནག་མང་གཙོ་ལམ་དུ་འགྲོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྒྱ་ནག་སྲིད་གཞུང་དེ་བཞིན་དྲང་བདེན་མེད་པ་མ་ཟད། ཕུགས་རྒྱང་རིང་པོ་བསམ་བློ་གཏོང་ཐུབ་མཁན་ཞིག་མིན་པར་བརྟེན་བོད་རྒྱའི་དབར་ཧ་ཅང་གི་དཀའ་ངལ་ཆེན་པ་ཞིག་འཕྲད་དང་འཕྲད་མུས་ཡིན། བོད་རྒྱའི་གནད་དོན་དེ་བཞིན་རྒྱ་ནག་གཞུང་ནས་སྲིད་བྱུས་དྲང་བདེན་མ་བཟུང་པའི་དབང་གིས་དཀའ་ངལ་འཕྲད་ཡོད། དེར་བརྟེན་བོད་རྒྱ་མཉམ་རུབ་ཐོག་ནས་རྒྱ་གཞུང་གི་མ་འོངས་པའི་མདུན་ལམ་ཡག་པོ་ཞིག་ཡོང་ཆེད་ཐབས་ལམ་འཚོལ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། སྤྱིར་བོད་རྒྱ་ཐུན་མོང་ཐོག་ནས་ཕན་ཚུན་གྱི་དཀའ་ངལ་སེལ་ཐབས་བྱེད་དགོས་པ་དང་། ཡང་སྒོས་མི་མང་ནང་ཁུལ་དབར་བསམ་ཚུལ་བརྗེ་ལེན་བྱ་རྒྱུ་གལ་འགངས་ཆེན་པོ་ཆགས་ཡོད། མདོར་ན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ༌མ་མཆོག་གིས་འདོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དེ་བཞིན་ཧ་ཅང་ཡང་དག་ཅིག་ཡིན། མཐའ་དོན་༸གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས། །
ཡུ་རོབ་རྒྱལ་ཁབ་སི་པན་ནང་བོད་རྒྱ་གཉིས་ཀྱི་ད་ལྟའི་གནས་སྟངས་སྐོར་ལ་བགྲོ་གླེང་གི་ཚོགས་འདུ་ཚོགས་པ།
གསར་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)
འབྲེལ་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)