༢༠༡༢ ཟླ་ ༩ ཚེས་ ༢༡ རེས་གཟའ་པ་སངས།
༄༅། ། ཨ་རིའི་གྲོས་ཚོགས་གོང་མའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་ལོ་མང་རིང་དམིགས་བསལ་སྐུ་ཚབ་ཀྱི་ལས་ཁུར་ཞུས་པའི་བྱས་རྗེས་ལ་སྤྱི་མོས་ཐོག་ཆེ་བསྟོད་ཀྱི་གྲོས་ཆོད་བཞག་ཡོད། དེ་ཡང་གནད་དོན་དེའི་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་གེ་རི་སི་མི་ཐི་ Gare Smith མཆོག་གིས་གསུང་དོན།
མི་ཚེ་ཧྲིལ་པོའི་རིང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བོད་མིའི་ཆེད་ཞབས་ཞུ་སྒྲུབ་མཁན་གྱི་གང་ཟག་ཁྱད་པར་བ་ཞིག་གི་བྱས་རྗེས་ལ་དེ་རིང་གྲོས་ཚོགས་གོང་མས་སྤྱི་མོས་ཐོག་བསྔགས་བརྗོད་དང་ཆེ་སྟོད་ཞུ་རྒྱུའི་གྲོས་ཆོད་བཞག་ཐུབ་པ་ནི་ཁོང་ལ་འོས་ཤིང་འཚམ་པའི་གུས་འདུད་ཅིག་ཆགས་ཡོད། རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་ལོ་ངོ་བཅུ་ཕྲག་རིང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཐུགས་ཀྱི་འཆར་སྣང་དེ་དག་ལ་གཞུང་འབྲེལ་མི་སྣས་རྒྱབ་སྐྱོར་ཐོབ་རྒྱུར་གྲུབ་འབྲས་ཧ་ཅང་ཡག་པོ་ཐོན་ཡོད། ཐེངས་འདིར་ཁོང་ལ་ཆེ་བསྟོད་ཀྱི་གྲོས་ཆོད་འཇོག་ཐུབ་པ་དེ་ནི་འོས་ཤིང་འཚམ་པ་ཞིག་ཆགས་ཡོད། གང་ཡིན་བརྗོད་ན། ཁོང་གིས་སྔ་མོ་ནས་བོད་ཀྱི་གནད་དོན་དེ་ཨ་རིའི་སྲིད་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ནང་གོ་རྟོགས་རྒྱ་ཁྱབ་ཏུ་སྤེལ་རྒྱུ་དང་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཆེད་ཨ་རིའི་གྲོས་ཚོགས་ཀྱིས་ནུས་ཤུགས་འདོན་ཐུབ་རྒྱུ་ཡིན་པ་གསལ་བཤད་ཐུབ་ཡོད། ཅེས་གསུངས།
སྤྱིར་ཨ་རིའི་གྲོས་ཚོགས་གོང་མའི་ནང་གྲོས་ཆོད་དེ་བཞིན་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༣ ཉིན་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཇོན་ཀེ་རི་ Sen. John Kerry མཆོག་གིས་གྲོས་ཚོགས་གོང་མའི་ནང་ངོ་སྤྲོད་གནང་ཡོད་ཀྱང། གྲོས་ཆོད་དེར་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་སྐུ་ཞབས་རི་ཆ་ཌི་ལུ་གར་Sens.
Richard Lugar མཆོག་དང་། ཌེ་ནི་ཕིན་སི་ཊེ་ཡིན་ Dianne Feinstein མཆོག པེ་ཊིཀ་ལི་ཧེ་Patrick Leahy མཆོག ཇོན་མེ་ཀེན་ John
McCain མཆོག ཇོ་སེབ་ལི་བྷར་མེན་ Joseph Lieberman མཆོག བྷར་བྷ་ར་བོཀ་སར་Barbara Boxer མཆོག མཱཀ་ཀི་རིག་ Mark Kirk མཆོག མཱཀ་ཨུ་ཌཱལ་ Mark Udall མཆོག་བཅས་ཡིན་འདུག་པ་བཅས།།
བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་ལས་དོན་བྱས་རྗེས་ལ་ཨ་རིའི་གྲོས་ཚོགས་གོང་མའི་ནང་སྤྱི་མོས་ཐོག་ཆེ་བསྟོད་ཀྱི་གྲོས་ཆོད་བཞག་པ།
གསར་གནས།
འབྲེལ་གནས།