༢༠༡༢ ཟླ་ ༨ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་མིའི་སྒྲིག་འཛུགས་མང་ཚོགས་དང་བཅས་ཀྱིས་གདོང་ལེན་གནང་ཕྱོགས་གོ་བསྡུར་སླད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་དགོངས་དོན་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་ཕྱི་ལོ་ ༢༠༡༢ བསྐོང་ཚོགས་གནང་རྒྱུའི་ཚོགས་མིའི་ཡོང་ཁུངས་ནས་རྒྱ་བལ་འབྲུག་གསུམ་དང། དེ་མིན་ཡུལ་གྲུ་ཁག་ནས་དང་བླངས་འཛུལ་ཞུགས་ཀྱི་ཐད། དང་བླངས་འཛུལ་ཞུགས་ཀྱི་སྙན་ཞུ་ཁག་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༧ ཚེས་ ༣༡ བར་བཞེས་རྒྱུའི་ཡོངས་ཁྱབ་གནང་ཟིན་ཡོད་ནའང། དང་བླངས་ཚོགས་ཞུགས་ཆེད་ད་དུང་ས་མིག་སྟོང་པ་གང་ཙམ་ལྷག་ཡོད་སྟབས་ཚོགས་ཞུགས་ཆོག་པའི་སྙན་ཞུ་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༨ ཚེས་ ༡༥ བར་བཞེས་རྒྱུ་ཕར་འགྱངས་གནང་སོང་བ་ལྟར་དེའི་ནང་ཚུན་ངེས་འབུལ་ཐུབ་པ་གནང་དགོས་པ་དེ་དོན་དགོངས་འཇགས་ཞུ། ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༨ ཚེས་ ༡ ལ།།