༢༠༡༢ ཟླ་ ༨ ཚེས་ ༡༣ རེས་གཟའ་ཟླ་བ།
༄༅། །ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་མ་སྒྲོལ་དཀར་དབང་མོ་ལགས་དང་ཕྱག་རོགས་བསོད་ནམས་དཔལ་མོ་ལགས་རྣམ་གཉིས་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༣ ནས་ ༡༨ བར་རྒྱ་གར་བྱང་ཕྱོགས་མ་སུ་རི་གཏན་སློབ་དང་མ་སུ་རི་བོད་ཁྱིམ་སློབ་གྲྭ་བཅས་ཀྱི་ནང་སློབ་སྟོན་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན་འདུག སྐབས་དེར་ཁོང་གཉིས་ཀྱིས་འཛིན་རིམ་བཅུ་གཅིག་དང། བཅུ་གཉིས། དྲུག་པ། བཅུ་པ་སོགས་ཀྱི་སློབ་མ་རྣམས་ལ་ཤེས་ཡོན་ཐོག་དམིགས་ཡུལ་ངེས་བརྟན་དགོས་པའི་ལམ་སྟོན་གནང་རྒྱུ་མ་ཟད། སློབ་མ་ཚོས་གཞན་དང་འབྲེལ་ལམ་བྱ་རྒྱུའི་ཐབས་ལམ་སྐོར་ལམ་སྟོན་གནང་རྒྱུ་ཡིན་འདུག དེ་བཞིན་ཁོང་རྣམ་གཉིས་ཀྱིས་སློབ་མ་ཚོས་འཛིན་རིན་བཅུ་གཉིས་ཐོན་རྗེས་སློབ་ཚན་འདེམས་ཕྱོགས་དང་མཐོ་སློབ་ཁག་ཏུ་སློབ་ཡོན་གྱི་གོ་སྐབས་ཇི་ཡོད་སྐོར་ངོ་སྤྲོད་གནང་བ་དང་ལྷན། སློབ་གྲྭ་སོ་སོའི་དགེ་རྒན་དང་ཕ་ཚབ་མ་ཚབ་རྣམས་ལ་སློབ་ཕྲུག་ཚོར་ལྟ་སྐྱོང་དང་སྒྲིག་འཛུགས་བཀོད་སྒྲིག་བྱེད་ཕྱོགས་སྐོར་སློབ་སྟོན་གནང་རྒྱུ་ཡིན་འདུག ཕྱོགས་མཚུངས་ཕྱི་ཚེས་ ༢༠ ཉིན་མདུན་ལམ་སློབ་སྟོན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས་ཀྱིས་བདེ་སྐྱིད་གླིང་གཞིས་ཆགས་སུ་མང་ཚོགས་ལ་ཕྲུ་གུའི་འཚར་ལོངས་དང་ཕ་མས་ཚུལ་མཐུན་གྱི་ལམ་ནས་ཕྲུ་གུར་གཅེས་སྐྱོང་བྱ་རྒྱུའི་ཐབས་ལམ་སྐོར་གསུང་བཤད་གནང་རྒྱུ་ཡིན་འདུག་པ་བཅས།།
ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་མ་མ་སུ་རིར་ཕེབས་པ།
གསར་གནས།
འབྲེལ་གནས།