༄༅། །སྡེ་ར་ལྡུན་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭར་ཕ་ཚབ་བམ་མ་ཚབ་གཉིས་དང༌། མ་བྱན་ཆེན་མོ་ (Head Cook) ཞིག་གི་ས་སྟོང་ཡོད་ན། གཤམ་གསལ་ཆ་རྐྱེན་ཚང་ཐོག་ཞུགས་འདོད་ཡོད་ན་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༥ འགྱངས་མེད་འདི་གར་འཚང་སྙན་འབུལ་དགོས།
༡༽ ཕ་ཚབ་བམ་མ་ཚབ་གཉིས།
ཀ༽ ཕྲུ་གུ་རང་ལོ་ ༥ མན་མཉམ་སྦྱར་མེད་པ་དང༌། མ་འོངས་སྦྲུམ་མའམ་ཕྲུ་གུ་འཁོར་བ་ནས་ལས་མཚམས་བཞག་དགོས་པ།
༢༽ མ་བྱན་གཅིག
ཀ༽ མ་བྱན་ཤེས་ཚད་ཀྱི་ཚད་ལྡན་ལག་འཁྱེར་ཡོད་པའམ་དམའ་མཐར་ལོ་གཅིག་གི་ལས་མྱོང་ཡོད་པ།
དེ་མིན་ཆ་རྐྱེན་གཞན་ཚང་དགོས་ཁག
༡༽ དབང་པོ་སྐྱོན་ཅན་གྱི་ཕྲུ་གུ་རྣམས་ལ་བྱམས་བརྩེ་དང་ལྡན་པའི་ཐོག་ཞབས་ཞུའི་ཆོད་སེམས་ཡོད་པ།
༢༽ དམའ་མཐར་འཛིན་རིམ་ལྔ་པ་ཐོན་པའམ་དེ་མཚུངས་ཚད་འཛིན་ལག་འཁྱེར་ཡོད་པ།
༣༽ རང་གཞུང་གི་སྨན་ཁང་ཞིག་ནས་ལུས་སེམས་བདེ་ཐང་ལས་འཕེར་ཡིན་པའི་སྨན་པ་ཚད་ལྡན་གྱི་ངོས་སྦྱོར་ངོ་མ།
༤༽ རྒྱ་གར་ནང་གནས་སྡོད་ཆོག་པའི་ཁྲིམས་མཐུན་ལག་དེབ་ཀྱི་འབྲེལ་ཆགས་ཤོག་བུའི་ངོ་བཤུས།
༥༽ བོད་མིའི་དཔྱ་དངུལ་དུས་འབུལ་ཞུ་བཞིན་པའི་ལག་དེབ་ཀྱི་འབྲེལ་ཆགས་ཤོག་བུའི་ངོ་བཤུས།
༦༽ གོང་གསལ་ཕྱི་ཚེས་ཉིན་རང་ལོ་ ༤༥ ལས་མ་བརྒལ་བ།
༧༽ ད་ལྟ་ལས་ཀ་བྱེད་མུས་ཡིན་ཚེ་འབྲེལ་ཡོད་ནས་དགག་བྱ་མེད་པའི་ངོས་སྦྱོར།
གོང་འཁོད་ཡིག་ཆ་ཁག་གི་ངོ་བཤུས་སྟེང་གཞུང་ཞབས་གནས་རིམ་ཟུང་འབྲེལ་དྲུང་ཆེ་ཡན་ནམ། ས་གནས་འགོ་འཛིན་ཞིག་ནས་དག་མཆན་ཞུས་ཏེ་འཚང་སྙན་མཉམ་དུ་འབུལ་དགོས་པའི་ཐོག་སོ་སོའི་ཁ་བྱང་དང༌། ཁ་དཔར་ཨང༌། མྱུར་འཕྲིན་ཨང་དང་གློག་འཕྲིན་ཨིའི་མེལ་སོགས་ཇི་ཡོད་ཁ་གསལ་འབུལ་དགོས་པ་དང༌། ལམ་གྲོན་ཁག་དོ་བདག་རང་ངོས་ནས་གཏོང་དགོས་པ་ལས་འདི་ལས་ནས་ཞུ་ལེན་མེད་པ་བཅས་ཀྱི་གསལ་བསྒྲགས་སུ། སྡེ་ར་ལྡུན་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་ལས་ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༠ ལ།།
The Director
Ngoenga School for Tibetan Children with Special Needs
Sahastradhara Road, P.O. Kulhan – 248 001
Dehradun, Uttarakhand
Email: [email protected] Phone: (0135) 2607128, 2607688