༢༠༡༢ ཟླ་ ༨ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༩ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༠༠ ནས་ ༦།༠༠ བར་རྨ་ཆུ་རྫོང་མུར་བྱེ་ཡུལ་ཚོའི་མུ་རུ་སྡེ་བར་དྲག་ཆར་བབས་ཏེ་མི་ཚང་༤༠ ལྷག་གི་སྡོད་ཁང་དང་ཟ་འབྲུ་ལ་གནོད་སྐྱོན་ཐེབས་ཡོད་ནའང་མི་མང་གི་ཚེ་སྲོག་ཤོར་བའི་གནས་ཚུལ་བྱུང་མི་འདུག ས་གནས་ཡུལ་མི་ཞིག་གིས་བརྗོད་པ་ལྟར་ན་མི་དམངས་སྒོར་ཁྲི་ ༢༠༠ ལྷག་གི་ས་གནས་ཡུལ་མིར་དཔལ་འབྱོར་གྱི་གྱོང་གུད་ཕོག་ཡོད་ཚོད་འདུག
ཆུ་ལོག་བྱུང་རྗེས་རྫོང་དང་ས་གནས་སྲིད་གཞུང་ལ་མི་མང་གིས་ཛ་དྲག་ཐོག་མྱུར་སྐྱོབ་དགོས་པའི་འབོད་སྐུལ་ཞུས་ཀྱང་ཕྱི་ཚེས་ ༡༠ ཉིན་རྒྱབ་ས་གནས་ཀྱི་ལས་བྱེད་གཉིས་ཡོང་སྟེ་ལྟ་སྐོར་ཙམ་ལས་དཀའ་སེལ་རོགས་སྐྱོར་སོགས་གང་ཡང་བྱས་མི་འདུག་པ་བཅས།།