༢༠༡༢ ཟླ་ ༨ ཚེས་ ༨ རེས་གཟའ་ལྷག་པ།
༅༅། །བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གིས་བདེ་སྲུང་ལས་ཁུངས་ཀྱི་ལོ་གཅིག་གི་ལས་དོན་ངོ་སྤྲོད་གནང་དོན། ། བཀའ་ཤག་གསར་པས་ལས་འཁུར་བཞེས་ནས་ལོ་གཅིག་འཁོར་ཡོད། བདེ་སྲུང་ལས་ཁུངས་ཀྱིས་མིང་རྒྱབ་འཁུར་གྱིས་ལས་འགན་གཙོ་བོ་༸སྐྱབས་མགོན་རིན་པོ་ཆེའི་སྐུ་ཕྱྭའི་ཞབས་ཕྱི་ཞུ་རྒྱུ་ཡིན་པར་སོང་། གཙོ་བོ་རྒྱ་གར་གཞུང་དང་མངའ་སྡེ། ང་རང་ཚོའི་འགོ་ལས་ཚང་མའི་ངོས་ནས་སྔར་ལས་ལྷག་པའི་འབད་བརྩོན་ཞུ་རྒྱུ་དེ་དག་ལ་དམ་དོན་འཕྱུག་མེད་ཞུ་གི་ཡོད་ཞུ་རྒྱུ་གཅིག་དང་། མང་ཚོགས་རང་ལ་ཐད་ཀར་འབྲེལ་བ་ཡོད་པའི་ལས་ཀ་བདེ་སྲུང་ལས་ཁུངས་ལ་ཞེ་དྲག་མེད། ནང་སྲིད་དང་ཤེས་རིག འཕྲོད་བསྟེན་དེ་ཚོ་མང་གི་རེད། ཕྲན་བུ་ཡུལ་ལུང་གི་ཁྲིམས་དང་འབྲེལ་བའི་གནད་དོན་ཐོག་ལམ་སྟོན་དང་བཀོད་ཁྱབ་གནང་རྒྱུ་རེད། ལྷག་པར་དུ་ང་ཚོ་བཙན་བྱོལ་བ་བྱས་ཏེ་མིའི་ལུང་པའི་ནང་བསྡད་དུས་མི་ཚང་མར་སྐྱབས་བཅོལ་ལག་དེབ་ཐོག་དཀའ་ངལ་ཆེན་པོ་ཡོད། དེའི་ནང་ནས་ཉེ་བའི་ཆར་འབྱོར་བའི་བོད་མི་གསར་དུ་འབྱོར་བ་རྣམས་ལ་ཧ་ཅང་གི་དཀའ་ངལ་ཆེན་པོ་ཡོད་པར་སོང་། དེ་ཚོའི་ཐོག་ད་དུང་ཉུས་ཤས་ཤིག་དཀའ་ངལ་སེལ་རྒྱུ་ལྷག་ཡོད་མ་གཏོགས། གཞན་དག་ཚང་མ་གྲལ་སྒྲིག་ཚར་ཡོད་པ་ལྟ་བུ་ཡིན། ལྷག་པར་དུ་བཀའ་བློན་ཁྲི་པ་གསར་དུ་ཕེབས་ཏེ་ང་རང་ཚོ་རྒྱ་གར་ནང་བསྡད་དེ་ལོ་ཉི་ཤུ་དང་རྒྱ་གར་ནང་སྐྱེས་པའི་ཕྲུ་གུ་སྐྱབས་བཅོལ་བའི་ལག་དེབ་ཡོད་མཁན་ཚོ་ལ་ལོ་ལྔ་རེའི་མཚམས་སུ་དུས་འགྱངས་ཞུ་རྒྱུའི་བཀའ་འཁྲོལ་དེ་ཐོབ་ཡོད་པ་ཚང་མས་མཁྱེན་གྱི་ཡོད། དེའི་ཐོག་བཀའ་ཁྲི་མཆོག་དང་ལྡི་ལི་དོན་གཅོད་ནས་ཐུགས་འགན་ཆེན་པོ་བཞེས་པའི་ཐོག་བཀའ་འཁྲོལ་དེ་མགྱོགས་པོ་ཐོན་ཡོད། དེ་ཚོ་ཡོངས་བསྒྲགས་ཕྱིན་པའི་གནས་ཚུལ་ཡིན་དུས་ངས་དམིགས་བསལ་ཞུ་དགོས་རྒྱུ་འདུག དེ་བཞིན་མང་ཚོགས་དང་ཐད་ཀར་འབྲེལ་བ་མེད་པ་ཡིན་ཡང་། ༸སྐྱབས་མགོན་རིན་པོ་ཆེའི་སྐུ་ཕྱྭར་ཞབས་ཕྱི་ཞུ་རྒྱུ་དང་མང་ཚོགས་ཀྱི་བདེ་འཇགས་ཐོག་ལས་ཀ་བྱེད་རྒྱུ་ཡིན་དུས་དེའི་བར་ལ་འགྱུར་འགྲོས་ཆེན་པོ་ཞིག་ཕྱིན་ཡོད། དེ་ཡང་ལོ་བཞི་བརྒྱ་མ་ཟིན་ཙམ་གྱི་ལོ་རྒྱུས་ལ་འཕོ་འགྱུར་ཆེན་པོ་ཞིག་ཕྱིན་པ་ཡིན་དུས་སྤྱི་ཚོགས་ནང་ཟང་ཟིང་དང་ལྷིང་འཇགས་མེད་པའི་གནས་ཚུལ་ཡོང་རྒྱུ་དེ་གཞི་གྲུབ་པ་ཞིག་ཡིན་ཀྱང་། ༸གོང་ས་མཆོག་གིས་སྲིད་དབང་རྩིས་སྤྲོད་མཛད་པའི་འཕོ་འགྱུར་དེ་ལོ་རྒྱུས་ཐོག་ཧ་ལས་པའི་འགྱུར་བ་ཆེན་པོ་ཞིག་ཡིན་ལ། དེ་ཡང་ཧ་ཅང་ལྷིང་འཇགས་དང་ཞི་འཇམ་ཐོག་འགྲོ་ཐུབ་པ་དེ་ནི་གཙོ་བོ་༸གོང་ས་མཆོག་གིས་ཐུགས་རྗེའི་བྱིན་རླབས་དང་མང་ཚོགས་ལ་གསེད་བཀྲོལ་དང་བཀའ་སློབ་རབ་དང་རིམ་པ་སྩལ་བར་བརྟེན་ནས་བྱུང་བ་ཞིག་ལ་ངོས་འཛིན་ཞུ་གི་ཡོད་ལ་དེ་ནི་ཧ་ཅང་གི་རླབས་ཆེན་པོ་ཞིག་བྱུང་སོང་། དེའི་ཐོག་ང་ཚོར་སྤྱི་ཚོགས་བདེ་འཇགས་ཀྱི་ལས་འགན་ཡོད་པའི་ཐོག་ནས་སེམས་ནང་རྡོག་ཁྲེས་ཆེ་ཤོས་ཞིག་དེ་ཡིན་པར་སོང་། དེ་དག་ཐད་ད་དུང་རྒྱ་ཆེའི་མང་ཚོགས་ཀྱི་༸གོང་ས་མཆོག་གི་སྐུ་ཕྱྭའི་ཐོག་ལ་ཧ་ཅང་བརྗོད་མེད་དང་དེ་བཞིན་ང་ཚོའི་སྒྲིག་འཛུགས་སྲ་བརྟན་ཡོང་རྒྱུར་མཐུན་འགྱུར་མཉམ་རུབ་སྦི་གསང་གནང་དགོས་རྒྱུ་གལ་ཆེན་པོ་རེད་ལ་ངས་ད་རེས་བརྒྱུད་ལམ་འདི་བརྒྱུད་ནས་བོད་ཕྱི་ནང་གཉིས་ལ་ཡོད་པའི་བོད་མི་ཚང་མར་འབོད་སྐུལ་གསལ་འདེབས་ཞུ་རྒྱུ་དང་། སྔར་བཞིན་མཐུན་འགྱུར་གནང་མཁན་མང་པོ་ཡོད་ལ། ལྷག་པར་དུ་མིང་ཁྱོན་ནས་མེད་པར་རྒྱབ་ཕྱོགས་སུ་ཕྱག་ལས་གནང་མཁན་དེ་ཡང་གཞིས་ལུས་ནང་ལ་སྲོག་འབེན་ལ་བཙུགས་ཏེ་ཕྱག་ལས་གནང་མཁན་རིམ་པ་མང་པོ་ཞིག་ཡོད་པ་ཁོང་ཚོར་བཀའ་དྲིན་རྗེས་དྲན་ཞུས་པ་དང་ཆབས་ཅིག མ་འོངས་པར་ཡང་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་མཐུན་འགྱུར་ཆེད་ང་ཚོར་གནས་ཚུལ་མཁོ་སྤྲོད་དང་ཉེན་བརྡ་བཏང་རྒྱུ་དང་དེ་མིན་ལྕག་སྐུལ་བྱེད་དགོས་རྒྱུ་དེ་ཚོ་སྐབས་དང་དུས་ལ་གནང་རོགས་གནང་ཞེས་ད་རེས་ཆབས་ཅིག་འབོད་སྐུལ་ཞུ་རྒྱུ་ཡིན། དེ་མིན་མང་ཚོགས་ཀྱི་བདེ་དོན་དང་ཐད་ཀར་འབྲེལ་བ་ཡོད་པ་བདེ་སྲུང་ལས་ཁུངས་ལ་དམིགས་བསལ་ཞུ་རྒྱུ་མེད། དེ་ནས་ལས་དོན་སྤེལ་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་སྤྲད་པ་ལོ་འདིའི་ནང་ཐེངས་ཁ་ཤས་བྱུང་ཡོད། མ་འོངས་པར་བདེ་སྲུང་གི་ལས་བྱེད་དེ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཡིན་པར་སོང་། དེའི་སྲིད་བྱུས་དང་ལམ་སྟོན་བཀོད་སྒྲིག་གཅིག་གྱུར་བསྟུན་དགོས་པར་སོང་ལས་བྱེད་མང་པོ་ཞིག་རྒྱུས་ཡོད་ཆགས་ཡོད་ཀྱང་འཕོ་ལེན་གྱི་གནས་ཚུལ་རང་བཞིན་གྱི་ཡོང་གི་ཡོད་པར་མི་འགྲོ་རང་འགྲོ་རེད། དེར་བརྟེན་སླད་ཕྱིན་བདེ་སྲུང་རང་གི་ཐོག་ནས་ཕྱག་ལས་གནང་མཁན་ཁྱད་ལས་པ་ལྟ་བུ་འཛུགས་ཐུབ་རྒྱུའི་བསམ་བློའི་རྨང་གཞི་ཡོད་པ་ཞིག་ལ་བར་ལམ་དགོས་མཁོ་ཛ་དྲག་པོ་གང་ཡང་བྱུང་མེད། འོན་ཀྱང་ང་ཚོས་དེའི་ཐོག་འཆར་འབུལ་ཞུ་རྒྱུར་ཤུགས་རྒྱག་རྒྱུའི་བསམ་བློ་ཞིག་བཏང་ཡོད། དེ་ལས་ལྷག་པའི་བདེ་སྲུང་ལས་ཁུངས་ཀྱི་འཆར་གཞི་འདི་ཡིན་ཟེར་བ་དམིགས་བསལ་ཞུས་ཀྱང་དགེ་མཚན་མཐོང་གི་མི་འདུག ཕལ་ཆེར་དེ་འདྲ་ཞིག་ཞུས་ན་རྒྱ་ཆེའི་མང་ཚོགས་ལ་འཐུས་ཀྱི་མི་འགྲོ་སྙམ་གྱི་འདུག་པ་བཅས། ཐུགས་རྗེ་ཆེ།།
བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གིས་བདེ་སྲུང་ལས་ཁུངས་ཀྱི་ལོ་གཅིག་གི་ལོ་འཁོར་ལས་དོན་སྙིང་བསྡུས་ངོ་སྤྲོད་གནང་བ།
གསར་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)
འབྲེལ་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)