༢༠༡༢ ཟླ་ ༨ ཚེས་ ༢༨ རེས་གཟའ་ལྷག་པ།
![]() |
༄༅། །འདི་གར་སྦེང་ལོར་ལྷོ་སྤྱི་ལས་ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༩ ཉིན་བཏང་གནས་ནང་འཁོད་དོན། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ཉེ་ལམ་ལྷོ་གཞིས་ཁག་གི་གཟིགས་སྐོར་མཐའ་མ་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༥ ཉིན་ཕེབས་ཏེ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཝི་ཨེ་སི་པ་ཊེལ་ V. S Patilམཆོག་དང་རྫོང་དཔོན་ལྕམ་སྐུ་ཨིམ་ཀོང་ལ་ཇ་མིར་ Imkongla Jamirལྷན་གཞིས་ཆགས་ཀྱི་ས་ཐོ་ལག་འཛིན་གནས་སྟངས་དང༌།
ཟ་འབྲུའི་ལག་འཁྱེར། (Ration Card) ཆུ་གློག་སོགས་ཀྱི་སྐོར་གོ་བསྡུར་ཞུས་ཏེ་མཐུན་འགྱུར་རོགས་སྐྱོར་གང་མྱུར་ཡོང་བ་ཞུས་ཡོད། དེ་རྗེས་ཉིན་རྒྱབ་མོན་གྷོ་ས་གནས་ཀྱི་ཧིན་རྡུ་ལྷ་ཁང་དང༌།
ཁ་ཆེ་ལྷ་ཁང། ཧི་ཤུ་ལྷ་ཁང་བཅས་སུ་གནས་གཟིགས་སུ་ཕེབས་ནས་སྦེང་ལོར་དུ་ཕྱིར་ཕེབས་ཞོར་ཅི་ཊ་ར་རྡུར་གྷ་ས་གནས་སུ་ Nijalingapa Memorialདྲན་རྟེན་དུ་ཆེད་ཕེབས་ཀྱིས་མེ་ཏོག་དང་མཇལ་དར་ཕུལ་ཏེ་དམ་པ་དེ་ཉིད་ཀྱི་བཀའ་དྲིན་རྗེས་དྲན་ཞུས།
![]() |
ཕྱི་ཚེས་ ༢༧ ཉིན་ཀར་ན་ཊ་ཀའི་མངའ་སྡེ་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ S.V. Ranganath མཆོག་དང་མངའ་སྡེའི་ནང་སྲིད་དང་ས་ཁྲལ་ལས་ཁུངས་གཅིག་ལྕོགས་དྲུང་ཆེ་སྐུ་ཞབས་ R.Amarnavayanརྣམས་གཉིས་དང་མཇལ་འཕྲལ་ཀྱིས་བཀའ་བློན་མཆོག་ལྷོ་གཞིས་ཁག་ཏུ་ཕེབས་སྐབས་ཉེ་ལམ་ཀར་ན་ཊ་ཀའི་མངའ་སྡེའི་ནང་དཀའ་རྙོག་འཕྲད་སྐབས་བོད་མིའི་གཞིས་ཆགས་ཁག་གི་བདེ་འཇགས་ཐོག་མངའ་སྡེ་གཞུང་ནས་ཐུགས་འགན་ཆེ་བཞེས་གནང་འདུག་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་གཞིས་ཆགས་ཁག་གཅིག་གི་ཆུ་གློག་ལམ་གསུམ་ཐོག་རོགས་སྐྱོར་དང་ཞིང་པ་རྣམས་ལ་ས་ཐོ་ལག་འཛིན་གང་མྱུར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད། ཕྱི་ཟླ་ ༨ ཚེས་ ༢༨ ཉིན་བཀའ་བློན་མཆོག་སྦེང་ལོར་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་ཐོན་གནང་ཡོད་པ་བཅས།།