༢༠༡༢ ཟླ་ ༨ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་གནང་ཡོད།
གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༤ ཉིན་གྱི་ཕྱེད་ཡོལ་ནང་སྲིད་བཀའ་བློན་མཆོག་གིས་གདན་ས་དགའ་ལྡན་བླ་སྤྱིའི་འདུ་ཁང་ནང་དགེ་འདུན་པ་རྣམས་ལ་གསུང་བཤད་གནང་འདུག
དེ་ཡང་ཐོག་མར་རྒྱ་གར་ཀ་ན་ཊ་ཀར་མངའ་སྡེའི་གཞུང་གི་གྲོས་ཚོགས་འཐུས་མི་ཌེསེ་པར་ཌིབ་མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་དོན། ཉེ་ཆར་སྤྱི་ཚོགས་ནང་དཀྲོག་གཏམ་བྱུང་བ་ལྟར། འདི་གར་ཡང་དཀྲོག་གཏམ་མང་པོ་ཞིག་ཁྱབ་སྤེལ་བྱུང་ཡོད་པར་བརྟེན། མི་མང་ལ་སེམས་འཚབ་ཆེན་པོ་བྱུང་ཡོད། འོན་ཀྱང་ཁྱེད་རྣམ་པས་སེམས་ཁྲལ་རྩ་བ་ནས་བྱེད་དགོས་དོན་མེད། གང་ལ་ཞེ་ན། རྒྱ་གར་དབུས་གཞུང་དང་མངའ་སྡེའི་གཞུང་གི་སྐོར་སྲུང་ཉེན་རྟོག་པས་ཕྱོགས་མཐའ་གང་ས་ནས་ལྟ་རྟོག་གཟབ་ནན་བྱེད་བཞིན་ཡོད། སྤྱིར་བཏང་དཀྲོག་གཏམ་དེ་མངའ་སྡེ་མང་པོའི་ནང་བྱུང་ཡོད་ཀྱང་འདི་གར་སྲུང་སྐྱོབ་ཐོག་ཁྱེད་རང་ཚོ་སེམས་འཁྲལ་གཏན་ནས་བྱེད་དགོས་དོན་མེད་ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་རྗེས་བཀའ་བློན་མཆོག་གིས་གསུང་བཤད་གནང་ཡོད།
དེ་བཞིན་ཕྱི་ཚེས་ ༢༥ ཉིན་ནང་སྲིད་བཀའ་བློན་མཆོག་གིས་ས་གནས་གཞིས་སྤྱི་མི་མང་གི་ཚོགས་ཁང་ནང་ས་གནས་ཀྱི་གནད་ཡོད་མི་སྣས་གཙོས་སེར་སྐྱ་མི་མང་སྟོང་ཕྲག་བརྒལ་བར་གསུང་བཤད་གནང་དོན། དེ་རིང་འདི་གར་གཞིས་མི་རྣམས་ཐུག་པར་ཧ་ཅང་དགའ་པོ་བྱུང། དེ་སྔ་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པ་འདི་འགྱུར་བ་ཕྱིན་ཡོད། འོན་ཀྱང་ཡ་མཚན་སྐྱེས་དགོས་པ་ཞིག་ལ་སྐབས་དེར། བཙན་བྱོལ་སྤྱི་ཚོགས་ནང་བོད་གཞུང་སྒོ་བརྒྱབ་པ་རེད་ཅེས་སྐད་ཆ་འདྲ་མིན་ཤོད་མཁན་གང་ཙམ་བྱུང་ཡོད་པ་དེ་ནི་ཧ་ཅང་བློ་ཕམ་དགོས་པ་ཞིག་ཡིན། དཔེར་ན། འདས་པའི་ལོ་གཅིག་གི་བརྒྱུད་རིམ་ནང་བལྟས་ན། བཙན་བྱོལ་དུ་གནས་པའི་བོད་མིའི་སྒྲིག་འཛུགས་འདི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་མི་མང་གིས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པ་མཆོག་གིས་དབུ་ཁྲིད་པའི་མང་གཙོའི་ཀ་བ་གསུམ་ལྡན་གྱི་སྒྲིག་འཛུགས་ཚད་ལྡན་ཞིག་ཐོག་གནས་ཡོད། ཅེས་སོགས་གསུང་བཤད་གནང་ཡོད་པ་བཅས། །
ནང་སྲིད་བཀའ་བློན་མཆོག་གིས་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་དང་སེར་སྐྱ་མི་མང་ལ་གསུང་བཤད་གནང་བ།
གསར་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)
འབྲེལ་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)