༢༠༡༢ ཟླ་ ༨ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །རྒྱ་ནག་ནང་ཕུལ་བྱུང་གི་དེང་རབས་སྒྱུ་རྩལ་བར་ཡོངས་གྲགས་སུ་ངོས་འཛིན་བྱེད་བཞིན་པའི་རྒྱ་རིགས་ཨེ་ཝེ་ཝེས་ཉེ་ལམ་ཕོ་རིང་པོ་ལི་སི་ Foreign Policy ཞེས་པའི་གསར་འགྱུར་དྲ་ལམ་གྱི་གསར་འགོད་པ་ཇོ་ན་ཐན་ལན་ཌི་རེ་ཐི་ JONATHAN LANDRETH ལགས་ཀྱིས་ཁོང་བོད་ཀྱི་རྒྱལ་ས་ལྷ་སར་དེ་སྔོན་བསྐྱོད་མྱོང་ཡོད་མེད་འདྲི་སྐབས། ཁོང་ནས་བོད་མི་ཚོས་བསྟུད་མར་རང་ལུས་མེར་སྲེག་གཏོང་བཞིན་པའི་སྐབས་འདིར་བོད་ཀྱི་རྒྱལ་ས་ལྷ་སར་འགྲོ་རྒྱུར་ང་རང་ངོ་ཚ་པོ་ཡོང་ས་རེད་ཅེས་ལན་འདེབས་གནང་ཡོད་པ་མ་ཟད། འདས་པའི་ལོ་གཉིས་རིང་ནས་ད་བར་བོད་ནང་དུ་རང་ལུས་མེར་སྲེག་གཏོང་མཁན་བོད་མི་གྲངས་བཞི་བཅུ་བརྒལ་བ་འགྲོ་བཞིན་ཡོད་ཀྱང་དེའི་སྐོར་སུས་ཀྱང་སྐད་ཆ་ཤོད་ཀྱི་མེད། བོད་མི་ཚོར་བརྩི་བཀུར་ཡོད་ན་ཁོང་ཚོར་ཐེ་བྱུས་མ་བྱས་པར་འཇོག་དགོས། ཅེས་གསུངས་ཡོད་པ་བཅས།།