༢༠༡༢ ཟླ་ ༨ ཚེས་ ༤ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༴༨ ཚེས་ ༢ ཉིན་སུད་སིར་རྟེན་གཞི་བྱས་པའི་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ལགས་ཀྱིས་སུད་སི་གྲོང་ཁྱེར་ཇི་ནི་ཝར་ (Geneva) རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྨྲ་བརྗོད་དང་བསམ་ཚུལ་རང་དབང་གི་དམིགས་བསལ་ཚོགས་ཆུང་གི་སྐུ་ཚབ་མཆོག་ལ་རྒྱ་ནག་གཞུང་གིས་བོད་མི་ཤེས་ཡོན་ཅན་གྱི་མི་སྣར་དམ་བསྒྲགས་བྱེད་བཞིན་པའི་སྙན་ཐོ་ཞིག་ཕུལ་ཡོད། སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་བོད་མི་ཤེས་ཡོན་ཅན་གྱི་མི་སྣ་ ༦༤ མཚན་དང་ལོ་རྒྱུས། རྒྱ་ནག་གཞུང་གིས་ཉེས་འཛུགས་བྱས་པའི་ཉེས་པ་ཇི་གསག་སྐོར་ཞིབ་ཕྲ་གསལ་ཡོད། སྐབས་དེར་དོན་གཅོད་ནས་རྒྱ་ནག་གཞུང་གིས་བོད་མི་ཤེས་ལྡན་མི་སྣ་འཛིན་བཟུང་བྱས་པ་དེ་དག་གི་གནས་སྟངས་ཐོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་ནས་ཁོང་ཚོར་རྒྱ་ནག་གཞུང་གིས་ཁྲིམས་བཤེར་ཇི་འདྲ་བྱེད་མིན་དང་ཁོང་ཚོར་རང་གི་ནང་མི་དང་ཐུག་འཕྲད་བྱེད་འཇུག་མིན་སོགས་ཀྱི་ཐོག་ངེས་པར་རྟོག་ཞིབ་གནང་རོགས་ཞེས་འབོད་སྐུལ་ཤུགས་ཆེ་ཞུས་ཡོད་འདུག་པ་བཅས།།