༢༠༡༢ ཟླ་ ༧ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༩ ཉིན་བཀའ་ཁྲི་མཆོག་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་དུ་ཕེབས་འབྱོར་སྐབས་ལྷོ་ཕྱི་ཀརྨ་སེང་གེ་ལགས་དང་འབྲེལ་ཡོད་ལས་བྱེད་ཁག་གཅིག དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་འཐུས་མི་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་རྗེས་བཀའ་ཁྲི་མཆོག་གིས་བྷེང་ལོར་གྲོང་ཁྱེར་གསར་འགོད་མཐུན་ཚོགས་སུ་བོད་མི་ཚོས་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་སྐོར་གསུང་བཤད་གནང་བ་མ་ཟད། ཀར་ན་ཊ་ཀ་མངའ་གཞུང་གིས་བོད་མི་སྐྱབས་བཅོལ་བ་ཚོར་མཐུན་འགྱུར་རོགས་རམ་གནང་བར་བཀའ་དྲིན་རྗེས་དྲན་ཡང་ཞུས་ཡོད།
དེ་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་གནང་།
ཕྱེད་ཡོལ་བཀའ་ཁྲི་མཆོག་གིས་ས་གནས་བོད་མི་དང་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༥༠༠ ཙམ་ལ་བཀའ་ཤག་གི་ལྟ་གྲུབ་གསུམ་སྟེ་ཆིག་སྒྲིལ་དང་རང་ཁ་རང་གསོ། གསར་གཏོད་བཅས་ཀྱི་སྐོར་དང་།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་སྐབས་བཅུ་བཞི་པའི་བཀའ་ཤག་ལ་གསོལ་རས་སྩལ་ནས་འདི་ལོ་ཕྱི་ཟླ་ ༨ ཚེས་ ༨ ཉིན་ལོ་གཅིག་ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་སྐོར། དེ་བཞིན་རྒྱ་གར་ནང་བཙན་བྱོལ་བོད་མི་ཚོར་སྐྱབས་བཅོལ་ལག་དེབ་ད་ཆ་ལོ་ལྔ་རེའི་མཚམས་སུ་འཕར་འགྱང་ཐེངས་རེ་ལས་བྱེད་མི་དགོས་པའི་ཆོག་མཆན་ཐོབ་ཡོད་སྐོར་གྱི་གནད་དོན་ཐོག་གསུང་བཤད་གནང་ཡོད། དེ
་རྗེས་བཀའ་ཁྲི་མཆོག་གིས་བྷེང་ལོར་ནི་ལ་མང་གྷ་ལའི་ཁུལ་དུ་རྟེན་གཞི་བྱས་པའི་བོད་མིའི་ལས་རིགས་སྦྱོང་བརྡར་བསྟི་གནས་ཁང་དུ་ཕེབས་ཏེ་སློབ་མ་གྲངས་ ༤༠ ཙམ་ལ་གསུང་བཤད་གནང་ཡོད་པ་བཅས།།