༢༠༡༢ ཟླ་ ༦ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༨ ཉིན་འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། འདི་ལོའི་ལོ་མགོར་གསེར་རྟ་རྫོང་ཁོངས་སོགས་སུ་ཞི་བའི་ངོ་རྒོལ་ཤུགས་ཆེ་བྱུང་རྗེས་ས་གནས་དེ་ནས་བོད་མི་ཁག་གཅིག་འཛིན་བཟུང་བྱས་ཡོད་པ་མ་ཟད། ལྷག་པར་ས་གནས་གཞན་ནས་ཡོང་བའི་བོད་མི་ཁག་གཅིག་ཀྱང་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༢ པའི་ནང་རང་ལོ་ ༤༠ ཙམ་དུ་སོན་པའི་བོད་མི་ཚུལ་ཁྲིམས་ཞུ་བ་ཞིག་གསེར་རྟ་རྫོང་ཁོངས་ནས་རྒྱུ་མཚན་གང་ཡིན་གསལ་བཤད་མ་བྱས་པར་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས། ད་ལྟ་དར་རྩེ་མདོ་ས་ཁུལ་གྱི་བཙོན་ཁང་ཞིག་ནང་ད་དུང་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག ཁོང་ལ་འབྲེལ་ཡོད་སུ་ཞིག་ནས་ཀྱང་ཐུག་འཕྲད་བྱེད་མི་བཅུག་པ་མ་ཟད། འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཡང་ཁ་གསལ་འགྲེལ་བཤད་བྱས་མེད། འོན་ཀྱང་ས་གནས་ཉེན་རྟོག་པས་སྐབས་དེར་ས་གནས་སུ་ཞི་བའི་ལས་འགུལ་དང་འབྲེལ་བ་ཡོད་པར་དོགས་གཞི་བྱེད་བཞིན་ཡོད་པའི་གནས་ཚུལ་འདུག
ཚུལ་ཁྲིམས་ལགས་ནི། ད་ལྟ་རང་ལོ་ ༤༠ སོན་པ་དང་ཨ་མདོ་རྔ་པ་ཨ་འཆམ་ཚོ་བ་ཨ་སྒང་ཚང་ནས་ཡིན་ཞིང༌། ཁོང་གི་ཆུང་མའི་མིང་ལ་ཚེ་ཁོ་མཚོ་ཟེར་བ་དང༌། ཁོང་གཉིས་ལ་བུ་ལོ་གཅིག་དང་ཕྱེད་ལ་སོན་པ་ཞིག་ཀྱང་ཡོད་འདུག་པ་བཅས།།
བོད་མི་ཞིག་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་ཐག་གཅོད་མ་བྱས་པར་བཀག་ཉར་འོག་གནས་མུས་ཡིན་པ།
གསར་གནས།
འབྲེལ་གནས།