༢༠༡༢ ཟླ་ ༥ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །བོད་ཀྱི་ཟློས་གར་ཚོགས་པ་རུ་བོད་ཀྱི་རིག་གནས་སློབ་ཁྲིད་གནང་མཁན་དགེ་རྒན་ཞིག་དགོས་གལ་འདུག་པས། སྔ་འཕྲོས་ལོ་གཉིས་རིང་ཆོས་གན་ངོ་བོར་བསྐོ་བཞག་བྱ་རྒྱུ་ལགས་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་དོ་དབྱིངས་ཡོད་མཁན་རྣམས་ནས་འཚང་སྙན་འབུལ་གནང་ཡོང་བ་ཞུ།
དགོས་མཁོའི་ཆ་རྐྱེན་ཁག
༡༽བོད་ཡིག་ཐོག་ཉུང་མཐར་མཐོ་རིམ་རིག་གནས་རབ་འབྱམས་པའམ་དེ་དང་ཚད་མཉམ་པའི་ལག་འཁྱེར།
༢༽བོད་ཡིག་སློབ་ཁྲིད་ཀྱི་ཉམས་མྱོང་དང་ཤེས་ཚད་ལག་འཁྱེར་ཡོད་རིགས་ལ་འདམ་ཁ་བཟང་བ་ཡོད།
༣༽དང་བླངས་དཔྱ་དངུལ་འབུལ་འབབ་གྲངས་ཚང་ཕུལ་ཟིན་པའི་ངོ་ཤུས།
༤༽གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ལག་འཁྱེར་ངོ་ཤུས།
༥༽སྒྲིག་འཛུགས་སམ་ཚོགས་པའི་ནང་ལས་ཀ་བྱེད་མུས་ཡིན་ཚེ་འབྲེལ་ཡོད་ནས་དགག་བྱ་མེད་པའི་ངོས་སྦྱོར།
༦༽ལུས་ཕུང་བདེ་ཐང་ཡིན་པའི་སྨན་པའི་ངོ་སྦྱོར།
གཞི་རྩའི་དགེ་རྒན་གྱི་ལས་འགན་ཡིན་རུང། ཞོར་དུ་གཏམ་བརྗོད་སོགས་འཁྲབ་སྟོན་འབྲི་རྩོམ་གནང་རྒྱུ་དང།
འདི་གའི་ཉམས་ཞིབ་ཚན་པའི་ལས་དོན་ཞུ་སྒོ་ཁག་མཉམ་ལས་གནང་རྒྱུ་ཡིན།
གོང་གསལ་ངོ་བཤུས་ཡིག་ཆ་རྣམས་ལ་གཞུང་ཞབས་ཟུང་དྲུང་ཡན་ནམ། ས་གནས་འགོ་འཛིན་གྱི་དག་མཆན་ཞུས་ཏེ་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༣༡ ནང་ཚུད་གཤམ་གསལ་ཁ་བྱང་བརྒྱུད་སྙན་འབུལ་ཟིན་པ་དགོས་པའི་གསལ་བསྒྲགས་སུ། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༡ ལ།།
DIRECTOR
Tibetan Institute of Performing Arts
P.O.Mcleod Ganj-176219
Distt.Kangra,H.P. INDIA
Tel:01892221478/220587/220710
Email:[email protected]