༄༅། །ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་བྷུན་ཏར་བོད་མིའི་དགེ་འོས་མཐོ་སློབ་ཁང་དུ་དྲུང་ཡིག་དང་དངུལ་གཉེར་གཅིག་ལྕོགས་ཀྱི་ (Office Secretary-Cashier) ས་མིག་ཐོག་ལས་བྱེད་གཅིག་དགོས་པ་རྩ་ཕོགས་སྒོར། ༧༦༠༠ ཐོག་ཡུལ་ཐང་གུན་གསབ་བཅས་བསྡོམས་ཟླ་རེར་སྒོར་༡༠༩༥༡་༦༠ ཐོབ་རྒྱུ། ཐོག་མར་ཆོད་གན་ཐོག་བསྐོ་གཞག་གནང་རྒྱུ་ཡིན་ན་ཞུགས་བློ་ཡོད་རིགས་རྣམས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༣༠ འགྱངས་མེད་ཤེས་རིག་ལས་ཁུངས་སུ་ཁ་བྱང་དང༌། ལག་ཐོག་ཁ་དཔར་ཨང༌། ཨི་མེལ་ཁ་བྱང་སོགས་གསལ་འཁོད་ཀྱིས་འཚང་སྙན་འབུལ་དགོས།
དགོས་ངེས་ཆ་རྐྱེན།
༡། ཉུང་མཐར་ཨང་སྡེ་གཉིས་པའི་ནང་ཉེ་བའི་གཙུག་ལག་རབ་འབྱམས་པ་ B.A./B.Com ཡང་ན་དེ་དང་མཉམ་པའི་ལག་འཁྱེར་ཡོད་པ།
༢། རང་ལོ། ༣༥ ལས་མ་བརྒལ་བ།
༣། ས་མིག་དང་འབྲེལ་བའི་ལས་ཀའི་ཉམས་མྱོང་ཡོད་པའི་དན་རྟགས་ངོས་སྦྱོར་ཡོད་རིགས་ལ་གོ་སྐབས་དང་པོ་སྤྲོད་རྒྱུ།
༤། གཟུགས་གཞི་བདེ་ཐང་ཡིན་པའི་སྨན་པའི་ངོས་སྦྱོར་ངོ་མ་འབུལ་དགོས།
༥། རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་ཁྱེར་དང་དཔྱ་ཁྲལ་བསྡུ་འབུལ་ཞུ་བཞིན་པའི་དན་རྟགས་ཡོད་པ།
༦། རང་རེའི་སྒྲིག་འཛུགས་ཀྱི་ཚོགས་སྡེ་གང་རུང་ནང་ལས་བྱེད་ཡིན་ཚེ་འབྲེལ་ཡོད་ནས་དགག་བྱ་མེད་པའི་ངོས་སྦྱོར།
༧། གཞན་ཡང་བོད་ཨིན་གཉིས་ཀྱི་སྐད་ཡིག་རང་སྐྱ་འཕེར་ངེས་ཐོག་ཀམ་པུ་ཊར་ཤེས་ཡོན་གནས་ཚད་གང་ལེགས་ཡོད་དགོས་པ་ཡིན། གོང་གསལ་དན་རྟགས་ཡིག་ཆ་རྣམས་ཀྱི་འདྲ་བཤུས་ཐོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་ཡན་ནམ། ས་གནས་འགོ་འཛིན། སློབ་སྤྱི་གང་རུང་ནས་དག་མཆན་ཞུས་ཏེ་གཤམ་གསལ་ཁ་བྱང་ཐོག་ཞུ་སྙན་འབུལ་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༦ ལ།།
Secretary
Department of Education, CTA
Dharamsala-176215 H.P. (www.sherig.org; [email protected])
བྷུན་ཏར་དགེ་འོས་མཐོ་སློབ་ཁང་གི་ལས་བྱེད་ས་མིག་གསལ་བསྒྲགས།
གསར་གནས།
འབྲེལ་གནས།