༢༠༡༢ ཟླ་ ༥ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༩ ནས་ ༢༠༡༢ ཟླ་ ༥ ཚེས་ ༢༤ བར་སྡེ་ར་ཌུན་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་ཕེབས་་ཡོད།
དེ་ཡང་ནང་སྲིད་བཀའ་བློན་མཆོག་ཕྱི་ལོ་ ༢༠༡༢། ༥ །༡༩ ཉིན་རྒྱབ་ཆུ་ཚོད་ ༢།༠༠ རྡ་ས་ནས་ས་ཐོག་བརྒྱུད་སྡེ་ར་ཌུན་དུ་ཕེབས་ཐོན་གནང་སྟེ་ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་བདེ་སྐྱིད་གླིང་ཉེ་འགྲམ་ཁྱིམ་ཚང་ ༡༡༦ གི་གཞིས་གསར་དུ་གཟིགས་སྐོར་ཕེབས་ཡོད། ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་ཨུཏ་རཱ་ཁན་གྱི་བློན་ཆེན་བྷ་ཧུགུ་ནཱ་དང་མཇལ་འཕྲད་གནང་ཡོད། ཕྱི་ཚེས་ ༢༡ ཞོགས་པ་ཆུ་ཚོད་ ༡༠།༣༠ ཐོག་སྡེ་ར་ཌུན་སྤྱི་ཁྱབ་དྲུང་ཆེ་ཨ་ལོག་ཀུ་མར་ཇེན་དང་མཇལ་འཕྲད་གནང་ཡོད། ཕྱོགས་མཚུངས་ཕྱི་ཚེས་ ༢༡ ཉིན་གྱི་ཞོགས་པ་ཆུ་ཚོད་ ༡༡།༣༠ ཐོག་སྡེ་ར་ཌུན་གཞུང་ཁྲལ་ལས་ཁུངས་ཀྱི་དྲུང་ཆེ་ཨོམ་པརཱ་ཀ་ཤ་དང་མཇལ་འཕྲད་གནང་རྗེས་ཕྱི་ཚེས་ ༢༢ ཞོགས་པ་ནང་སྲིད་བཀའ་བློན་མཆོག་རཱཇ་སྤུར་གཞིས་ཆགས་སུ་འཚམས་གཟིགས་སུ་ཕེབས་ཡོད། དེ་བཞིན་ཕྱི་ཚེས་ ༢༢ ཕྱེད་ཡོལ་ཆུ་ཚོད་ ༣།༠༠ ཐོག་སྡེ་ར་ཌུན་ཁྱབ་ཁོངས་ས་གནས་ཁག་དགུའི་འགོ་འཛིན་རྣམ་པ་དང་ས་གནས་ཀྱི་གནད་ཡོད་མི་སྣ་དང་ལྷན་བཞུགས་མོལ་ཚོགས་འདུ་འཚོགས་རྒྱུ་ཡིན་འདུག ཕྱི་ཚེས་ ༢༣ ཉིན་སྡེ་ར་ཌུན་གཞུང་ཁྲལ་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་སུ་བྷཤ་ཀུ་མར་དང་མཇལ་འཕྲད་གནང་རྗེས། ཕྱི་ཚེས་ ༢༤ སྔ་དྲོ་སོར་ཨ་ཨེ་ཨེམ་རཱཇ་སྤུར་ལ་ཕེབས་ཐོན་གནང་སྟེ་ཉིན་རྒྱབ་རྡ་སར་ཕྱིརཕེབས་ཐོན་གནང་རྒྱུ་ཡིན་འདུག་པ་བཅས།།
ནང་སྲིད་བཀའ་བློན་མཆོག་གཞུང་དོན་ཕྱོགས་ཕེབས།
གསར་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)
འབྲེལ་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)