༢༠༡༢ ཟླ་ ༥ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་ཨི་ཊཱ་ལིའི་གྲོང་ཁྱེར་བྷོ་ལོ་ཉའི་ Bologna ཉེ་འགྲམ་དུ་ས་ཡོམ་གྱི་གོད་ཆག་འོག་ཡུལ་མི་རྐྱེན་འདས་སུ་གྱུར་བ་མ་ཟད། ཁང་ཁྱིམ་མང་པོ་རྩ་གཏོར་ཕྱིན་ཡོད་པར་བརྟེན་ཨི་ཊཱ་ལིའི་སྲིད་བློན་སྐུ་ཞབས་མཱ་རིའོ་མོན་ཊི་Mario Monti མཆོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་ཡོད། གསུང་འཕྲིན་ནང་རྗེས་ཤུལ་ནང་མི་རྣམས་ལ་ཐུགས་གསོ་དང་རྐྱེན་འདས་སུ་གྱུར་བ་རྣམས་ལ་ཐུགས་སྨོན་མཛད་ཡོད་པ་མ་ཟད། ངལ་སེལ་རོགས་སྐྱོབས་ཀྱི་ལས་གཞིར་ཕྱག་དངུལ་ཞལ་འདེབས་ཀྱང་གསོལ་རས་སྩལ་ཡོད་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨི་ཊཱ་ལིའི་སྲིད་བློན་མཆོག་བརྒྱུད་ས་ཡོམ་གྱི་གོད་ཆག་ཕོག་པ་རྣམས་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བ།
གསར་གནས།
འབྲེལ་གནས།