༢༠༡༢ ཟླ་ ༥ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །འདི་གར་སུད་སི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༣ ཉིན་ཨོ་སི་ཊི་རི་ཡའི་(Austria)སྲིད་བློན་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ཨེ་ལེཀ་ཛེན་ཌར་ཤེ་ལན་བྷག་མཆོག་གིས་Alexander Schallenberg གསལ་བསྒྲགས་གནང་དོན་ལྟར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ཟླའི་ཚེས་ ༡༧ ནས་ ༢༧ བར་ཁུལ་དེར་མཛད་འཕྲིན་བསྐྱངས་སྐབས་དང་བསྟུན། སྲིད་བློན་སྐུ་ཞབས་ཝར་ནར་ཕེ་མན་Chancellor Werner Faymann མཆོག་དང་སྲིད་བློན་གཞོན་པ་དང་ཕྱི་སྲིད་བློན་ཆེན་གཅིག་ལྕོགས་ཡིན་པ་སྐུ་ཞབས་མེ་ཀལ་སི་པན་དེ་ལེ་གར་མཆོག་Michael Spindeleggerགིས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་འཆར་ཡོད་འདུག སྐབས་དེར་ཡི་ཤུའི་བླ་ཆེན་ཁི་རི་སི་ཊོབ་ཤོན་བྷོན་Archbishop Christoph Schoenborn མཆོག་ཀྱང་ལྷན་བཅར་གྱིས་ཆོས་ཕྱོགས་ཀྱི་ངོ་བོའི་ཐོག་ནས་མཇལ་འཕྲད་ཞུ་རྒྱུ་ཡིན་སྐོར་ཡང་ལས་ཁུངས་ཀྱི་མགྲིན་ཚབ་པས་གསལ་བཤད་གནང་ཡོད་པ་མ་ཟད། འབྲེལ་ཡོད་རྒྱ་ནག་གཞུང་འབྲེལ་ལས་ཁུངས་སུའང་དེ་ལྟར་བརྗོད་ཡོད་སྐོར་གསུངས།
ཕྱི་ལོ་ ༢༠༠༧ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྐབས་དེའི་སྲིད་བློན་སྐུ་ཞབས་ཨལ་ཕེ་རེཌ་གུ་སན་བྷག་Alfred Gusenbauer མཆོག་མཇལ་འཕྲད་མཛད་འདུག་པ་བཅས།།