༢༠༡༢ ཟླ་ ༤ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །བྷེང་ལོར་ལྷོ་སྤྱི་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་སྒར་གྱི་གློག་ཤུགས་ཡར་རྒྱས་གཏོང་ཆེད་མངའ་གཞུང་གིས་རོགས་དངུལ་ཧིན་སྒོར་འབུམ་ ༥༤།༨༩ གནང་འདུག དེ་ཡང་རོགས་དངུལ་དེ་བཞིན་གཙོ་བོ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་ནང་སྲིད་དྲུང་ཆེ་ཟུར་པ་དངོས་གྲུབ་རྡོ་རྗེ་ལགས། ལྷོ་སྤྱི་བཀྲིས་ཕུན་ཚོགས་ལགས་བཅས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༡༡ ནང་ཀར་ཎ་ཊ་ཀ་མངའ་གཞུང་གི་གློག་ཁང་སྟངས་འཛིན་ལས་ཁུངས་ཀྱི་འགན་འཛིན་སྐུ་ཞབས་ཤི་རི་ནི་ཝ་ས་མུར་ཐི་(Sreenivasa Murthy)མཆོག་དང་མཇལ་འཕྲད་གནང་བའི་གྲུབ་འབྲས་ཤིག་ཡིན་འདུག ཕྱོགས་མཚུངས་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་བསྟན་འཛིན་མཆོག་ལྡན་ལགས་ནས་ཀྱང་མོན་གྷོ་ས་གནས་གློག་ཁང་ལས་བྱེད་དང་ལྷན་བོད་པའི་གྲོང་སྡེ་དང་འབྲེལ་ཡོད་དགོན་པ་གྲྭ་ཚང་སོགས་ཀྱི་ནང་དུ་བསྐྱོད་དེ་གློག་ལས་དང་འབྲེལ་བའི་ལས་གཞིའི་སྐོར་ཤོག་བུ་ ༡༠༠ ཟིན་པའི་ཡིག་ཆ་ཞིག་གོ་སྒྲིག་གནང་སྟེ་མཐུན་འགྱུར་རྒྱ་ཆེ་ཞུས་ཡོད་པ་བཅས།།
མོན་གྷོ་འདོད་རྒུ་གླིང་གི་གློག་ཤུགས་ཡར་རྒྱས་གཏོང་ཆེད་མངའ་གཞུང་གིས་རོགས་དངུལ་གནང་བ།
གསར་གནས།
འབྲེལ་གནས།