༢༠༡༢ ཟླ་ ༤ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༨ རེས་གཟའ་ཕུར་བུའི་ཉིན་ནང་སྲིད་བཀའ་བློན་མཆོག་དང་ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་རྣམ་གཉིས་འདི་ཟླའི་ཚེས་ ༡༦ ནས་ཕྱི་ཟླ་ ༥ ཚེས་ ༥ བར་ལྡི་ལི་དང་མོན་གྷོ། ཀོ་ལེ་གྷལ། ཧུན་སུར། སྦེལ་ཀོབ། ལྡེ་ར་སྡུན་བཅས་བོད་མིའི་གཞིས་ཆགས་ཁག་གཅིག་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་རེད་འདུག དེ་ཡང་ཕྱི་ཟླ་ ༤ ཚེས་ ༡༨ ཉིན་ལྡི་ལིར་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་མོ་ཧན་སིང་མཆོག་གི་བུ་མོའི་འཁྲུངས་སའི་རྟེན་འབྲེལ་གྱི་མཛད་སྒོར་མཉམ་ཞུགས་གནང་འདུག དེ་བཞིན་ཕྱི་ཟླ་ ༤ ཚེས་ ༢༣ དང་ ༢༤ སོ་སོར་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེའི་རྒྱལ་ས་བྷེང་ལོར་ཁུལ་དུ་མངའ་སྡེའི་བློན་ཆེན་མཆོག་དང་མངའ་སྡེའི་བློན་ཆེན་ཟུར་པ་རྣམ་གཉིས་མཆོག་མཇལ་འཕྲད་གནང་ཆར་ཡོད་འདུག
ཕྱི་ཟླ་ ༤ ཚེས་ ༡༧ ཉིན་ལྡི་ལིར་ཕེབས་འབྱོར་གྱིས་རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་མཆོག་དང་མཇལ་འཕྲད་དང། ཕྱི་ཚེས་ ༡༨ ཉིན་འཁྲུངས་སའི་མཛད་སྒོར་མཉམ་ཞུགས་གནང་ཡོད། ཕྱི་ཚེས་ ༡༩ ཉིན་མུམ་བྷེ་བརྒྱུད་མོན་གྷོར་ཕེབས་ཏེ་ཕྱི་ཚེས་ ༢༠ ནས་ ༢༡ བར་ས་གནས་སུ་ལས་འཆར། ཕྱི་ཚེས་ ༢༢ ཉིན་མོན་གྷོ་ནས་བྷེང་ལོར་དུ་ཕེབས་འབྱོར་གྱིས་ཕྱི་ཚེས་ ༢༣ དང་ ༢༤ སོ་སོར་བྷེང་ལོར་ཁུལ་དུ་གཞུང་འབྲེལ་ལས་དོན་བསྒྲུབ་རྒྱུ། ཕྱི་ཚེས་ ༢༦ དང་ ༢༧ ཉིན་སྦེལ་ཀོབ་ཏུ་ཕེབས་ཏེ་གཞུང་འབྲེལ་ལས་དོན་བསྒྲུབ་རྒྱུ། ཕྱི་ཚེས་ ༢༨ དང་ ༢༩ ཉིན་ཧུན་སུར་དུ་ལས་འཆར། ཕྱི་ཚེས་ ༢༩ ཉིན་ཀོ་ལེ་གྷལ་དུ་ཕེབས་ཏེ་ཕྱི་ཚེས་ ༣༠ ཉིན་ལས་འཆར། ཕྱི་ཟླ་ ༥ ཚེས་ ༢ ཉིན་བྷེང་ལོར་ནི་ལ་མང་གྷ་ལར་ཕེབས་ཏེ་གཞུང་འབྲེལ་ལས་དོན་བསྒྲུབ་རྒྱུ། ཕྱི་ཚེས་ ༣ ཉིན་ལྡི་ལི་བརྒྱུད་ལྡེ་ར་སྡུན་དུ་ཕེབས་ཏེ་ཕྱི་ཚེས་ ༤ ཉིན་ས་གནས་ལ་རྟོག་ཞིབ་གནང་རྒྱུ་དང་ ཉིན་དེར་པ་ཀོར་བརྒྱུད་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག་པ་བཅས།།
ནང་སྲིད་བཀའ་བློན་མཆོག་གཞུང་འབྲེལ་ཕྱོགས་ཕེབས།
གསར་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)
འབྲེལ་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)