༢༠༡༢ ཟླ་ ༣ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༤ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡༠།༣༠ སྟེང་རེབ་གོང་རོང་བོ་དགོན་ཆེན་གྱི་གྲྭ་འཇམ་དབྱངས་དཔལ་ལྡན་སྐྱེས་ཡུལ་རེབ་གོང་རྒྱལ་བོ་ལྡོང་ངེ། ད་ལྟ་རང་ལོ་ ༣༤ ལྷག་ཙམ་དང་། ཁོང་ནི་ཕ་དཀོན་མཆོག་བསྐྱབས་དང་མ་ལྕགས་མོ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང། ཁོང་གིས་རོང་བོ་དགོན་པའི་མདུན་ཐང་། སྒྲོལ་མ་ཐང་ཟེར་བ་དེ་ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ཡོད་འདུག་ཅིང་། དེ་མ་ཐག་རྒྱ་ནག་གི་དམག་མི་དང་དགོན་པའི་ཆོས་དོན་ལས་ཁུངས་ཀྱི་མི་སྣ་མཉམ་རུབ་ཐོག་ཉེ་འཁྲིས་སུ་ཡོད་པའི་རྨ་ལྷོ་ཁུལ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་འཁྱེར་ཡོད་ཀྱང་། དེ་གར་གནས་ཚུལ་ཅི་བྱུང་གསལ་པོ་ཤེས་རྟོགས་བྱུང་མི་འདུག དུས་ཡུན་ཐུང་ངུ་ལས་མ་འགོར་བར་ཕྱིར་དགོན་ནང་གདན་འདྲེན་ཞུས་ཏེ། ད་ལྟ་ས་གནས་ཀྱི་སྐྱ་སེར་མང་པོ་ཞིག་སྒྲོལ་མ་ཐང་ཆེན་དུ་འཛོམས་ཏེ་སྨོན་ལམ་གསུང་འདོན་གནང་བ་དང་། སྐད་འབོད་རྒྱག་པ་སོགས་གནང་བཞིན་ཡོད་འདུག རྒྱ་གཞུང་གི་དམག་མི་དང་ཉེན་རྟོག་པ་ཕོན་ཆེན་འབྱོར་ཏེ་དགོན་པ་ཡོངས་སུ་བསྐོར་ཏེ་གནས་སྟངས་ཛ་དྲག་ཆགས་ཡོད་པའི་གནས་ཚུལ་ཐོན་འདུག་པ་བཅས།།
རེབ་གོང་རོང་བོ་དགོན་གྱི་དགེ་འདུན་པ་འཇམས་དབྱངས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ།
གསར་གནས།
འབྲེལ་གནས།