༢༠༡༢ ཟླ་ ༣ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །འདི་གར་དཔལ་ལྡན་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢ ཉིན་གསར་ཏུ་ཤེས་རྟོགས་བྱུང་དོན་ལ་ད་སྐབས་བྲག་མགོ་རུ་རྒྱ་དམག་འབོར་ཆེན་འབྱོར་ནས་མང་ཚོགས་ལ་དམ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་མུས་ཡིན་པ་མ་ཟད། ཁ་སྔོན་ཞི་རྒོལ་ནང་དུ་ཡོད་པ་རྣམས་འཛིན་བཟུང་བྱེད་མུས་ཡིན་འདུག དེང་སང་བོད་མི་རྣམས་གང་བྱུང་འགྲོ་འོང་མི་ཆོག་པ་དང་།
བྲག་མགོའི་རྫོང་གི་གཡས་གཡོན་དང་གཞུང་ལམ་གང་ས་ནས་དམག་གིས་བོད་མི་ལ་རྡུང་རྡེག་དང་། གང་བྱུང་འཛིན་བཟུང་བྱེད་པའི་བྱ་སྤྱོད་ངན་པ་སྤེལ་མུས་སུ་གནས་ཡོད་འདུག
ས་ཆ་མང་པོར་དམག་སྒར་བརྒྱབ་ཡོད་པ་མ་ཟད། བྲག་མགོ་དགོན་པའི་ནང་དུ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ཚོགས་འདུ་ཚོགས་ཏེ་དགོན་པའི་ལས་སྣེ་དང་མང་ཚོགས་ལ་དཀའ་ངལ་འཕྲད་བཞིན་ཡོད་འདུག དེ་ཡང་རྒྱ་དམག་གིས་བོད་མི་རྣམས་ལ་དྲི་བ་འདྲ་མིན་དྲིས་པ་སོགས་ལས་འགུལ་སྣ་ཚོགས་སྤེལ་ཡོད་ནའང། བོད་མི་དེ་དག་གིས་རྒྱ་གཞུང་ལ་མི་འདོད་པའི་རྣམ་འགྱུར་འདྲ་མིན་བསྟན་ནས་ཕན་ཚུན་གཉིས་དོགས་ཀྱིས་དཀའ་ཁག་ཆེ་རུ་གྱུར་ཡོད་འདུག རྒྱ་གཞུང་གིས་ཆེད་གཉེར་གོ་སྒྲིག་བྱས་པའི་མི་སྣ་གྲོང་ཚོ་ཁག་ཏུ་ཡོང་ནས་གཞུང་གི་སྲིད་བྱུས་འོག་སྐྱིད་པོ་ཡོད་མེད་དང་དཀའ་ངལ་གང་ཡོད་སོགས་བསམ་འཆར་བསྡུ་ཁུལ་བྱས་པར། བོད་མི་རྒན་འཁོགས་འགའ་ཞིག་གིས་ང་ཚོ་ལོ་ན་འདིར་སླེབས་ཀྱང་ཡ་ང་སྙིང་རྗེ་མེད་པའི་བྱ་སྤྱོད་ངན་པ་འདི་འདྲ་དེ་སྔོན་ཉི་ཧོང་གིས་བྱས་ཡོད་རེད་ཅེས་གོ་མྱོང་བ་མ་གཏོགས་དངོས་སུ་མཐོང་བ་ད་རེས་ཐེངས་དང་པོ་ཡིན་ཞེས་ལན་འདེབས་གནང་འདུག
དེ་བཞིན་སྔ་ཕྱི་རྒྱ་གཞུང་གིས་བྲག་མགོ་རུ་བོད་མི་འཛིན་བཟུང་བྱས་པ་རྣམས་ཀྱི་ཁྲོད་ནས་ང་ཚོས་ཤེས་གསལ་ཁུངས་ཐུབ་བྱུང་བ་རྣམས་ནི་གཤམ་གསལ།
བྲག་མགོ་རུ་ཞི་རྒོལ་བྱུང་བའི་ཉིན་ཤས་རྗེས་སུ་རྒྱ་ནག་གི་གྲོང་ཁྱེར་ཁྲེན་ཏུ་རུ་འཛིན་བཟུང་བྱས་པ་རྣམས།
སྒོ་ཆེན་དགོན་པའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན། | གྲྭ་པ། |
བྲག་མགོ་དགོན་པའི་སློབ་དགེ་དགེ་བཤེས་ཚེ་དབང་རྣམ་རྒྱལ། | གྲྭ་པ། |
བྲག་མགོ་དགོན་པའི་ཚོང་པ་འཕྲིན་ལས། | གྲྭ་པ། |
བྲག་མགོ་དགོན་པའི་རྩིས་པ་དགྲ་ལྷ་(བཀྲ་ཤིས་སྟོབས་རྒྱལ) | གྲྭ་པ། |
ཡང་ཞི་རྒོལ་གྱི་རྗེས་སུ་བྲག་མགོ་རུ་འཛིན་བཟུང་བྱས་པ། | གྲྭ་པ། |
བྲག་མགོ་དགོན། གཞོན་ནུ། | གྲྭ་པ། |
བྲག་མགོ་དགོན། ཚེ་རིང་རྒྱལ་མཚན། | གྲྭ་པ། |
ནོར་པ། ཡོན་ཏན་བཟང་པོ། | མི་སྐྱ། |
ནོར་པ། ཤེར་རྒྱམ། | མི་སྐྱ། |
གཡུ་ཉ་བ། རྒྱལ་མཚན། | མི་སྐྱ། |
ནོར་པ། དཔལ་རྡོར། | མི་སྐྱ། |
ནོར་པ། རྒྱལ་སྐྱབས། | མི་སྐྱ། |
ནོར་པ། ཁྱེན་རྡོ། | མི་སྐྱ། |
འབྲེལ་བ་གནང་ཡུལཿ་་་དཔལ་ལྡན།
༩༧༣༦༤༨༤༨༥༥