༄༅། །ཤེས་རིག་ལས་ཁུངས་དང་ཝ་ཎ་མཐོ་སློབ་གཉིས་ཟུང་འབྲེལ་ཐོག་ཧི་མ་ཅལ་མངའ་ཁོངས་ཀུ་ལུ་བྷུན་ཏར་དུ་དགེ་འོས་སློབ་ཁང་ཞིག་གསར་འཛུགས་གནང་རྒྱུ་དང་། སློབ་ཁང་དེར་ཐོག་མའི་ཆར་སློབ་ཕྲུག་ ༥༠ བསྡུ་བཞེས་དང་འབྲེལ་མཐོ་རིམ་རིག་གནས་རབ་འབྱམས་དང་འབྲིང་རིམ་དགེ་འོས་(Integrated B.A.B.Ed/B.Sc.B.Ed)ཀྱི་སློབ་སྦྱོང་སྤྲོད་རྒྱུ། བོད་ཀྱི་སྐད་ཡིག་རིག་གནས་སློབ་ཁྲིད་གནང་མཁན་དགེ་རྒན་གཉིས་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡ ནས་ལོ་ ༢ རིང་ཆོད་གན་ཐོག་བསྐོ་བཞག་བྱ་རྒྱུའི་ཞིབ་ཕྲའི་ཆ་རྐྱེན་གཤམ་གསལ།
དང་པོ། བོད་ཡིག་དགེ་རྒན།
ཀ༽ བོད་ཡིག་ཐོག་ཉུང་མཐར་མཐོ་རིམ་གཙུག་ལག་རབ་འབྱམས་པའམ་དེ་དང་མཉམ་པའི་ལག་འཁྱེར་ཡོད་པ། ཡང་ན།
ཁ༽ བོད་ཀྱི་བརྡ་དག་སྙན་གསུམ་དང་རིགས་ལམ་ནང་ཆོས་སློབ་ཁྲིད་ཀྱི་ཉམས་མྱོང་དང་ཤེས་ཚད་འདང་ངེས་ཡོད་པ།ག༽ མཐོ་རིམ་སློབ་གྲྭར་བོད་ཡིག་སློབ་ཁྲིད་ཀྱི་ཉམས་མྱོང་ཡོད་མཁན་ལ་དམིགས་བསལ་དགོངས་བཞེས་གནང་རྒྱུ།
གཉིས་པ། རྩོམ་རིག་དགེ་རྒན།
ཀ༽ བོད་ཀྱི་སྐད་ཡིག་ཐོག་ཉུང་མཐར་མཐོ་རིམ་གཙུག་ལག་སློབ་ཐོན་ནམ་དེ་དང་མཉམ་པའི་གནས་ཚད་ལྡན་པ། ཡང་ན།
ཁ༽བོད་ཀྱི་རྩོམ་རིག་ཐོག་ཉམས་ཞིབ་བམ་ཞབས་ཞུའི་གྲུབ་འབྲས་ཚད་འཕེར་ཡོད་པ།
ག༽མཐོ་རིམ་སློབ་གྲྭར་བོད་ཡིག་སློབ་ཁྲིད་ཀྱི་ཉམས་མྱོང་ཡོད་མཁན་ལ་དམིགས་བསལ་དགོངས་བཞེས་གནང་རྒྱུ།
གསུམ་པ། གོང་གསལ་གཉིས་ལ་དགོས་མཁོའི་ཡིག་ཆ།
༡༽ གོང་གསལ་ཆ་རྐྱེན་དང་འབྲེལ་བའི་ཤེས་ཚད་ལག་འཁྱེར་ཁག་གི་ངོ་བཤུས།
༢༽ དང་བླངས་དཔྱ་དངུལ་དང་བསྡུ་དངུལ་འབུལ་འབབ་གྲངས་ཚང་ཕུལ་ཟིན་པའི་ངོ་བཤུས།
༣༽ གནས་ཡུལ་རྒྱལ་ཁབ་སོ་སོའི་ནང་གནས་སྡོད་ཆོག་པའི་ཁྲིམས་མཐུན་ལག་འཁྱེར་གྱི་ངོ་བཤུས།
༤༽ བོད་ཡིག་ཤེས་ཚད་དང་ཉམས་མྱོང་འདང་ངེས་ཡོད་པའི་དན་རྟགས། ༼བརྩམས་ཆོས་དང་ཡིག་ཆ་ཇི་ཡོད།༽
༥༽ སྒྲིག་འཛུགས་གང་ཡང་རུང་བའི་ལས་བྱེད་ཡིན་ཚེ་འབྲེལ་ཡོད་ནས་དགག་བྱ་མེད་པའི་ངོས་སྦྱོར།
༦༽ སྨན་ཁང་ཚད་ལྡན་ཞིག་ནས་ལུས་ཕུང་བདེ་ཐང་ཡིན་པའི་ངོས་སྦྱོར།
གོང་གསལ་འདྲ་བཤུས་ཡིག་ཆ་ཚང་མའི་ཐོག་གཞུང་ཞབས་ཟུང་དྲུང་ཡན་ནམ། ས་གནས་འགོ་འཛིན་གྱི་དག་མཆན་ཞུས་ཏེ་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༣༠ ནང་ཚུད་འདི་གར་སྙན་འབུལ་ཟིན་པ་དགོས་རྒྱུ། ཕོགས་དང་ཐོབ་ཐང་བསྡོམས་ཟླ་རེར་སྒོར་ ༢༧༦༢༠ འབུལ་རྒྱུ། ཆ་རྐྱེན་ཚང་བའི་སྙན་འབུལ་རྣམས་ངོ་རྒྱུགས་ཀྱི་ལམ་ནས་འདེམས་སྒྲུག་བྱ་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་༢༠༡༢ ཟླ་༢ ཚེས་ ༢༨ ཉིན།
མཐོ་སློབ་བོད་དགེའི་ས་མིག
གསར་གནས།
འབྲེལ་གནས།