༢༠༡༢ ཟླ་ ༡ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །འདི་ག་བོད་ཡིག་ཚན་པའི་གསར་འགོད་པས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དུས་དབང་ཐང་ཆེན་དུ་དུས་འཁོར་ཐང་ཆེན་དུ་ས་ཆོག་དབུ་འཛུགས་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་མགོན་པོ་མཆོག་གིས་སྒྲུབ་ཞག་སྔོན་དུ་མཛད་གྲུབ་མཚམས་ཆུ་ཚོད་ ༧ ཐོག་ྋགོང་ས་མཆོག་གཟིམ་ཆུང་ནས་སྦྱིན་བདག་རྣམ་པའི་སྐུ་ཚབ་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་གདན་འདྲེན་ཞུས་ཐོག་དུས་དབང་ཐང་ཆེན་གྱི་བཞུགས་ཁྲི་རིན་པོ་ཆེར་ྋཞབས་སོར་འཁོད་དེ་ས་ཆོག་མཛད་ཡོད་པ་མ་ཟད། ཉིན་རྒྱབ་ཀྱང་དེ་མཚུངས་མཛད་ཡོད། དེ་བཞིན་ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོ་ས་ཆོག་མཛད་རྒྱུ་ཡིན་འདུག་པ་བཅས། །
ྋགོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་ཐང་ཆེན་དུ་དུས་འཁོར་དབང་ཆེན་གྱི་ས་ཆོག་བཀའ་དྲིན་སྐྱོང་བཞིན་པ།
གསར་གནས།
འབྲེལ་གནས།