༄༅། །རྒྱ་གར་དབུས་གཞུང་དང་ཧི་མཱ་ཅལ་མངའ་སྡེ་གཞུང་གཉིས་ནས་ལོ་ལྟར་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་ཆེད་སྨན་པའི་སློབ་སྦྱོང་ (MBBS) དང༌། བཟོ་སྐྲུན་རིག་གནས་ (Engineering) སློབ་སྦྱོང་ཆེད་དམིགས་བསལ་ཟུར་བཅད་ཞབས་སྟེགས་ཁག་ཅིག་ཐོབ་མུས་ལྟར་ཕྱི་ལོ་ ༢༠༡༢ ལོར་འཛིན་རིམ་བཅུ་གཉིས་འཐོན་རྒྱུའི་ཁོངས་ནས་གཤམ་གསལ་ཟུར་བཅད་ཞབས་སྟེགས་ཁག་གི་ཆེད་འགྲན་ཞུགས་བྱ་བློ་ཡོད་རིགས་རྣམས་ནས་ཕྱི་ལོ་ ༢༠༡༢ ལོའི་ཤེས་རིག་ཚུད་རྒྱུགས་ (DoE MBBS/Engg. Entrance Test) ནང་འཛུལ་ཞུགས་ཆོག་པའི་གསལ་བསྒྲགས་བྱ་རྒྱུར།
ཀ༽ སྨན་པའི་སློབ་སྦྱོང་ (MBBS) ཆེད་ཟུར་བཅད་ཞབས་སྟེགས་ ༣
༡༽ དབུས་བོད་སློབ་འཛིན་ཚོགས་ཀྱི་ (CTSA) ཁྱབ་ཁོངས་གཞི་རིམ་སློབ་གྲྭ་ནས་ཕྱི་ལོ་ ༢༠༡༢ ལོར་འཛིན་རིམ་བཅུ་གཉིས་པའི་ཚན་རིག་ (PCB) སློབ་སྦྱོང་ཐོན་པའི་སློབ་ཕྲུག་ཁོ་ནའི་ཆེད་ཟུར་བཅད་ཞབས་སྟེགས་གཅིག་ཡོད།
༢༽ ཧི་མཱ་ཅལ་གཞུང་ནས་སྨན་པའི་སློབ་སྦྱོང་ཆེད་ཞབས་སྟེགས་གཉིས་ཟུར་བཅད་ཡོད་པ། ཕྱི་ལོ་ ༢༠༡༢ ལོའི་ཤེས་རིག་ཚུད་རྒྱུགས་ (DoE Medical/Engg. Entrance Test) ཀྱི་གྲུབ་འབྲས་ཨང་རིམ་བརྒྱ་ཆ་རྩེ་བཏོག་གིས་སློབ་ཕྲུག་གྲངས་ ༢༠ ལ་དམིགས་བསལ་དུས་ཐུང་སྦྱོང་བརྡར་ (Coaching) གྱི་མཐུན་རྐྱེན་སྦྱར་རྒྱུ་དང་ཧི་མཱ་ཅལ་གཞུང་གི་སྨན་སློབ་ཚུད་རྒྱུགས་ (CPMET Combined Pre-Medical Entrance Test, H.P. State) སུ་འཚང་ཞུགས་བྱེད་མཁན་གྱི་གཞུང་འབྲེལ་མིང་ཐོའི་ནང་འཇུག་རྒྱུ། དེ་བྱིངས་རྩ་བའི་ཆ་རྐྱེན་ཁག་ཚང་ལ་རང་ལོ་ ༢༥ མ་བརྒལ་བའི་སྐྱབས་བཅོལ་བོད་མིའི་སློབ་ཕྲུག་ཧི་མཱ་ཅལ་གྱི་སྨན་སློབ་ཚུད་རྒྱུགས་ནང་འགྲན་ཞུགས་བྱ་བློ་ཡོད་རིགས་ནས་ཧི་མཱ་ཅལ་གཞུང་གི་འབྲེལ་ཡོད་ལས་ཁུངས་ལ་འཚང་སྙན་ཐད་འབུལ་བྱས་ན་འཐུས་རྒྱུ།
ཁ༽ བཟོ་སྐྲུན་རིག་གནས་ (Engineering) ཆེད་ཟུར་བཅད་ཞབས་སྟེགས་ ༧ ཡོད་པ་གཤམ་གསལ་ཆ་བགོས་ལྟར་རྩ་འཛིན་བྱ་རྒྱུ།
ཨང་། | སློབ་ཚན། | ཞབས་སྟེགས་གྲངས། |
༡ | ཀམ་པཱུ་ཊར་བཟོ་སྐྲུན་རིག་གནས། (Computer Engineering) | གཉིས། |
༢ | འཛུགས་སྐྲུན་འཆར་འགོད་རིག་གནས། (Civil Engineering) | གཉིས། |
༣ | འཕྲུལ་ཆ་བཟོ་སྐྲུན་རིག་གནས། (Mechanical Engineering) | གཅིག |
༤ | རྫས་སྦྱོར་བཟོ་སྐྲུན་རིག་གནས། (Chemical Engineering) | གཅིག |
༥ | གློག་ལས་སྣེ་ཁྲིད་རིག་གནས། (Electrical Engineering) | གཅིག |
ཐུགས་སྣང་དགོས་གལ།
༡༽ ཕྱི་ལོ་ ༢༠༡༢།༢༠༡༣ ཧི་མཱ་ཅལ་གཞུང་གི་ཚུད་རྒྱུགས་ལམ་སྟོན་དེབ་ཆུང་ (Prospectus) སིམ་ལ་གཏན་སློབ་རེག་ཊར་བརྒྱུད་སློབ་ཕྲུག་རང་ཉིད་ནས་འགན་འཁུར་གྱིས་ཐད་ཀར་མངགས་ཉོ་བྱ་དགོས་པ་དང༌། སྨན་པའི་ཚུད་རྒྱུགས་དང་འབྲེལ་བའི་དོན་གནད་གལ་ཆེ་ཁག་སློབ་ཕྲུག་རང་ཉིད་ནས་ཐུགས་ཞིབ་དགོས་རྒྱུ།
༢༽ རྒྱ་གར་དབུས་གཞུང་དང་ཧི་མཱ་ཅལ་གཞུང་གི་སྨན་པའི་ཚུད་རྒྱུགས་སྐབས་ཀྱི་འགྲོ་གྲོན་ཆ་ཚང་སློབ་ཕྲུག་རང་ངོས་ནས་གཏོང་དགོས་རྒྱུ།
༣༽ གོང་གསལ་ཟུར་བཅད་ཞབས་སྟེགས་ཁག་གི་མཐའ་མའི་སློབ་གཉེར་བ་འདེམས་སྒྲུག་བྱ་རྒྱུའི་གཞི་རྩ་ཚུད་རྒྱུགས་ཀྱི་ཨང་ཐོབ་ཁོ་ནར་གཞི་བཅོལ་བྱ་རྒྱུ་ཡིན་རུང༌། འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་གྲུབ་འབྲས་ཀྱི་ཉུང་མཐའི་བརྒྱ་ཆ་གཤམ་འཁོད་ལྟར་ཚད་འཛིན་བྱ་རྒྱུ།
1. Medical seats (MBBS) 3 (three) 60% in class XII & 60% in PCB 60%
including two HP seats
2. Civil Engineering 2 (two) 50% in class XII & 50% in PCM 60%
3. Mechanical Engineering 1 (one) 50% in class XII & 50% in PCM 60%
4. Chemical Engineering 1 (one) 50% in class XII & 50% in PCM 60%
5. Computer Engineering 2 (two) 50% in class XII & 50% in PCM 60%
6. Electrical Engineering 1 (one) 45% in class XII & 45% in PCM 60%
༤༽ སློབ་ཕྲུག་གང་ཞིག་ནས་བོད་ཡིག་སློབ་ཚན་འཛིན་རིམ་བརྒྱད་པ་བར་སྦྱངས་ཐོན་བྱུང་ཡོད་ན་ཨང་ཆ་ ༢ དང༌། འཛིན་རིམ་བཅུ་པ་བར་སྦྱངས་ཐོན་བྱུང་ཡོད་ན་ཨང་ཆ་ ༣ ། འཛིན་རིམ་བཅུ་གཉིས་བར་སྦྱངས་ཐོན་བྱུང་ཡོད་ན་ཨང་ཆ་ ༥ བཅས་དམིགས་བསལ་འཕར་སྣོན་འཐོབ་རྒྱུ།
༥༽ ཚུད་རྒྱུགས་ཀྱི་ཨང་ཐོབ་ལ་གཞིགས་ཏེ་སློབ་ཕྲུག་སོ་སོར་བཟོ་སྐྲུན་རིག་གནས་ (Engg.) ཀྱི་སྡེ་ཚན་གང་དུ་ཞུགས་རྒྱུའི་གདམ་ག་སྤྲོད་རྒྱུ་ཡིན།
༦༽ ཚུད་རྒྱུགས་ནང་ཞུགས་བློ་ཡོད་རིགས་རྣམས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣༡ ཉིན་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་རང་ཉིད་ཀྱི་རྒྱུགས་སྤྲོད་ས་གནས་སུ་འབྱོར་ཐོ་འགོད་དགོས་ཤིང༌། ཕྱི་ཟླ་ ༤ ཚེས་ ༡ ཉིན་ཚུད་རྒྱུགས་གཏོང་རྒྱུ།
༧༽ འབྱོར་ཐོ་འགོད་ཡུལ་གཤམ་གསལ་ས་གནས་གཉིས་སུ་ངེས་པ་ཡིན།
ཀ༽ ལྡི་ལི་དོན་གཅོད་ཁང༌། ༼རྒྱ་གར་བྱང་ཕྱོགས་ཁུལ་གྱི་སློབ་ཕྲུག་ཆེད།༽
Bureau of H.H. the Dalai Lama,
10-B Ring Road, Lajpat Nagar-IV
New Delhi – 110 024
Ph.no. (011) 26474798 / 26218548
ཁ༽ སྦེང་ལོར་ལྷཱུ་སྤྱི་ལས་ཁུངས། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་སློབ་ཕྲུག་ཆེད།
The Chief Representative Office, No. 7,
Sampangiramaiah Garden,
Srinivagalu Tank,
Viveknagar Post,
Bangalore – 560 047, Karnataka State
Ph.no. (080) 25506842 / 25506843
༨༽ ཚུད་རྒྱུགས་ཀྱི་འབྱོར་ཐོ་འགོད་སྐབས་སློབ་ཕྲུག་སོ་སཱུའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ངོ་སྤྲོད་ལག་འཁྱེར་ (Class XII Board Examination Hall Ticket/Admission Card) མིག་སྟོན་དགོས་རྒྱུ།
༩༽ ཚུད་རྒྱུགས་ནང་ཞུགས་བློ་ཡོད་རིགས་རྣམས་ནས་ཤེས་རིག་ལས་ཁུངས་སུ་རང་ཉིད་ཀྱི་ཚུད་རྒྱུགས་གཏོང་སའི་ས་གནས་དང་སློབ་ཚན་གང་གི་ཐོག་གཏོང་འདོད་ཡོད་པའི་ཞུ་སྙན་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣ འགྱངས་མེད་འབུལ་འབྱོར་དགོས་རྒྱུ་དང༌། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཁོངས་ནས་ཡིན་ཚེ་རང་ཉིད་ཀྱི་མིང་ཐོ་དང་སློབ་ཚན་སློབ་གྲྭའི་སློབ་སྤྱི་བརྒྱུད་འབུལ་དགོས།
༡༠༽ སྨན་པའི་ཞབས་སྟེགས་ཐོབ་པའི་སློབ་ཕྲུག་རྣམས་ནས་སློབ་སྦྱོང་ཟིན་མཚམས་ཉུང་མཐར་ལོ་གསུམ་རིང་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་བཀོད་ཁྱབ་ལྟར་ཞབས་ཞུ་བྱ་རྒྱུར་མོས་མཐུན་གྱིས་ཁྲིམས་མཐུན་གན་རྒྱ་འཇོག་དགོས་པ་དང་དེའི་ཁག་ཐེག་འགན་ལེན་བྱེད་པོ་གཅིག་ཀྱང་ཡོད་དགོས་པ་ཡིན།
༡༡༽ གལ་ཏེ་ཚུད་རྒྱུགས་ཨང་ཐོབ་འདྲ་མཉམ་བྱུང་ཚེ།འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་གྲུབ་འབྲས་བརྒྱ་ཆ་མཐོ་བ་སུ་ཡིན་དེ་གདམ་རྒྱུ་དང༌། དེའང་འདྲ་མཉམ་བྱུང་ཚེ་རྒྱན་རྒྱག་བྱ་རྒྱུ་ཡིན།
༡༢༽ གོང་གི་ཟུར་བཅད་ཞབས་སྟེགས་ཐོབ་རིགས་རྣམས་ནས་སློབ་སྦྱོང་མཇུག་བསྒྲིལ་མ་ཟིན་བར་ཕྱི་ནང་གཞུང་སྒེར་གྱི་སློབ་ཡོན་ལས་རིམ་གཞན་གང་དུའང་འཛུལ་ཞུགས་མི་ཆོག
༡༣༽ གོང་གི་ཟུར་བཅད་ཞབས་སྟེགས་དང་ས་མིག་གྲངས་ཚད་སོགས་ལ་རྒྱ་གར་གཞུང་གི་ཕྱོགས་ནས་གློ་བུར་འགྱུར་བ་ཡོང་སྲིད་ཅིང༌། དེ་འདྲའི་སྐབས་སུ་རྩོད་པའི་རིགས་བྱེད་མི་ཕྱོགས།
༡༤༽ གོང་གསལ་ཟུར་བཅད་ཞབས་སྟེགས་ཁག་ཐོག་ཞུགས་བློ་ཡོད་རིགས་ནས་ཤེས་རིག་མཐོ་སློབ་སླཽབ་ཡོན་གྱི་ འཚང་སྙན་འགེངས་ཤོག་བཀང་དགོས་པ་ལས་དུས་བཀག་རྗེས་སུ་འབུལ་ཚེ་ངོས་བཞེས་གནང་རྒྱུ་མིན། འཚང་སྙན་འབུལ་མི་གང་ཞིག་འཛིན་རིམ་བཅུ་པའམ་བཅུ་གཉིས་གང་རུང་ནང་བོད་ཡིག་སློབ་ཚན་ཐོག་སློབ་སྦྱོང་བྱས་མེད་ཚེ་མཐོ་སློབ་སློབ་ཡོན་གནང་རྒྱུ་མིན་ནའང༌། གོང་གི་ཟུར་བཅད་ཞབས་སྟེགས་ཁག་ལ་འཛུལ་ཞུགས་ཆོག་འཐུས།
༡༥༽ གོང་གསལ་གནད་དོན་ཁག་ལ་དྭོགས་འདྲི་ཡོད་ཚེ་གཤམ་འཁོད་འབྲེལ་གཏུགས་བྱ་ཡུལ་ཁ་བྱང་བརྒྱུད་འབྲེལ་བ་ཞུ་འཐུས་བཅས། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༦ ལ།།
Secretary
Department of Education, CTA
Gangchen Kyishong
Dharamsala-176 215
Distt. Kangra, Himachal Pradesh
Ph: 01892 – 226695, 222572, 222721
Fax: 01892- 223481
Email: [email protected]
Website: www.tcewf.org