༢༠༡༢ ཟླ་ ༡ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༤ ཉིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་དྲག་གནོན་བྱེད་བཞིན་པ་དེ་འཕྲལ་དུ་མཚམས་འཇོག་དགོས་པའི་བསྒྲགས་གཏམ་ཞིག་སྤེལ་ཡོད།
དེ་ཡང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་འགན་འཛིན་སེམ་ཛ་རི་ཕི་(Sam Zarifi) ལགས་ཀྱིས་གསུང་དོན། རྒྱ་ནག་གཞུང་གི་དཔོན་རིགས་ཚོས་བོད་མིའི་དཀའ་ངལ་ལ་བསམ་གཞིགས་བྱ་རྒྱུའི་ཚབ་ཏུ་དྲག་གནོན་དང་དམ་བསྒྲགས་མུ་མཐུད་བྱེད་བཞིན་ཡོད། ཕྱི་ལོ་ ༢༠༠༨ ནས་བཟུང་བོད་ཀྱི་ས་ཁུལ་ཁག་ཏུ་ཞི་བའི་ངོ་རྒོལ་བྱེད་སྐབས་དྲག་གཅོད་བེད་སྤྱོད་བྱས་པར་བརྟེན་བོད་ནང་གི་གནས་སྟངས་ཐོག་ཡར་རྒྱས་ཕྱིན་མེད། ཆོས་དད་དང་རིག་གཞུང་གི་རང་དབང་ཐོག་དམ་བསྒྲགས་བྱས་པ་དེས་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་པ་མ་གཏོགས་བཟང་དུ་ཕྱིན་མེད། ཅེས་གསུངས་ཡོད། དེ་བཞིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་གཞུང་ངོས་ནས་རྒྱལ་སྤྱིའི་གསར་འགོད་པ་ཚོར་བོད་ནང་ཛ་དྲག་གི་གནས་ཚུལ་བྱུང་སའི་ས་ཁུལ་ཁག་ཏུ་དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད་བསྐྱོད་རྒྱུའི་ཆོག་མཆན་སྤྲོད་དགོས་པ་མ་ཟད། རྒྱ་གཞུང་ངོས་ནས་རྟོག་ཞིབ་དེ་དག་རང་དབང་དང། ཕྱོགས་རིས་མེད་པ། ནུས་ལྡན་ཞིག་ཡོང་རྒྱུའི་ངེས་བརྟན་བཟོ་དགོས་ཞེས་གསུངས་ཡོད་པ་བཅས།།
རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་གཞུང་ལ་བོད་མི་ཚོར་དྲག་གནོན་བྱ་རྒྱུ་འཕྲལ་དུ་མཚམས་འཇོག་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་པ།
གསར་གནས།
འབྲེལ་གནས།