༢༠༡༡ ཟླ་ ༡༢ ཚེས་ ༡༠ རེས་གཟའ་སྤེན་པ།
༄༅། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༠ ཉིན་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་དུས་ཆེན་དང་སྟབས་བསྟུན་སྲི་ཞུའི་ལས་བྱེད་བགྲེས་ཡོལ་བར་ལེགས་སྐྱེས་འབུལ་ལམ་ཞུས་པའི་ལོས་རྒྱུས་སྙིང་བསྡུས་ནི།
༡༽དྲུང་ཆེ་ཟུར་པ་ཆོས་དབྱིངས་ལགས།
ཕྱི་ལོ་ ༡༩༨༥ ནས་རྩིས་ཞིབ་ལས་ཁང་གི་རྒན་དྲུང་དུ་བསྐོ་གཞག་སྩལ་བ་དང་། ཕྱི་ལོ་ ༡༩༨༧ ནས་ཟླ་དགུའི་རིང་ཕྱེད་ཕོགས་ཐོག་སློབ་བསྐྱོད་དགོངས་ཞུ། ཕྱི་ལོ་ ༡༩༩༢ ནས་དྲུང་ལས་སུ་བསྐོ་གཞག ཕྱི་ལོ་ ༡༩༩༣ ནས་དྲུང་གཞོན་དུ་གནས་སྤར། ཕྱི་ལོ་ ༡༩༩༥ ནས་ལོ་ ༢ རིང་ཨ་རིར་གཞུང་འབྲེལ་སློབ་བསྐྱོད། ཕྱི་ལོ ༡༩༩༧ ནས་རྩིས་ཞིབ་དྲུང་གཞོན་དུ་བསྐོ་གཞག ཕྱི་ལོ་ ༡༩༩༩ ནས་ཟུང་དྲུང་དུ་གནས་སྤར། ཕྱི་ལོ་ ༢༠༠༦ ནས་དྲུང་འཕར་དུ་གནས་སྤར། ཕྱི་ལོ་ ༢༠༠༨ ནས་རྩིས་ཞིབ་ཀྱི་དྲུང་ཆེ་ལས་ཚབ། ཕྱི་ལོ་ ༢༠༠༩ ནས་དྲུང་ཡིག་ཆེན་མོར་གནས་སྤར་གྱིས་རྩིས་ཞིབ་ལས་ཁང་གི་དྲུང་ཆེ། ཕྱི་ལོ་ ༢༠༡༠ ནས་ལོ་གཅིག་དང་ཕྱེད་ཕོགས་མེད་དགོངས་ཞུ། ཕྱི་ལོ་ ༢༠༡༡ ནས་བཀའ་ཡིག་ངེས་མེད་སྡེ་ཚན་གྱི་དྲུང་ཆེའི་ལས་འགན་ཞུ་མུར། སྒྲིག་གསལ་ལྟར་བགྲེས་ཡོལ་སྔ་བསྣུར་སྩལ་བ་བཅས་ཁྱོན་ཞབས་ལོ་ ༢༦ ལྷག་སྲི་ཞུའི་ཞབས་འདེབས་ཞུས་འདུག
༢༽ དྲུང་འཕར་ཟུར་པ་ངམ་དྲུང་བཀྲིས་སྒྲོལ་མ་ལགས།
ཕྱི་ལོ་ ༡༩༧༤ ནས་ཚོད་ལྟའི་ཐོག་ལྡི་ལི་དོན་ཁང་གི་གཞོན་དྲུང་དུ་བསྐོ་གཞག་སྩལ་བ་དང་། ཕྱི་ལོ་ ༡༩༧༥ ནས་ལས་ངོར་བསྐོ་གཞག ཕྱི་ལོ་ ༡༩༨༣ ནས་ཤེས་རིག་ལས་ཁུངས་ཀྱི་གཞོན་དྲུང་དུ་གནས་སྤོས། ཕྱི་ལོ་ ༡༩༨༩ ནས་རྒན་དྲུང་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༡༩༩༢ ནས་སྡེ་འགན་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༡༩༩༦ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༡༩༩༨ ནས་ལྡི་ལི་དོན་ཁང་གི་དྲུང་གཞོན་དུ་གནས་སྤོས། ཕྱི་ལོ་ ༡༩༩༩ ནས་ཟུང་དྲུང་དུ་གནས་སྤར་རྗེས་ལོ་གཉིས་རིང་ཕོགས་མེད་དགོངས་ཞུ། ཕྱི་ལོ་ ༢༠༠༡ ནས་ཤེས་རིག་ལས་ཁུངས་ཀྱི་ཟུང་དྲུང་དུ་ལས་འགན་བཀོད་སྒྲིག ཕྱི་ལོ་ ༢༠༠༧ ནས་ཟླ་ གཉིས་རིང་གང་ཕོགས་ཐོག་ནད་དགོངས་ཞུས་སྩལ། ཕྱི་ལོ་ ༢༠༠༩ ནས་ཟླ་ཕྱེད་རིང་ཕྱེད་ཕོགས་ཐོག་ནད་དགོངས་རྗེས་དྲུང་འཕར་གནས་རིམ་དུ་གནས་སྤར་གྱིས་ཤེས་རིགས་ལས་ཁུངས་སུ་ལས་འགན་ཞུ་མུར། ཕྱི་ལོ་ ༢༠༡༡ ནས་སྒྲིག་གསལ་ལྟར་བགྲེས་ཡོལ་སྔ་བསྣུར་སྩལ་བ་བཅས་ཁྱོན་ཞབས་ལོ་ ༣༧ ལྷག་སྲི་ཞུའི་ཞབས་འདེགས་ཞུས་འདུག
༣༽ ཟུང་དྲུང་ཟུར་པ་ཚེ་རིང་བཀྲིས་ལགས།
ཕྱི་ལོ་ ༡༩༨༥ ནས་གནས་བརྒྱད་པ་ཚོད་ལྟའི་ཐོག་བཀོད་གཞག་གིས་ཕྱི་དྲིལ་ལས་ཁུངས་སུ་ལས་འགན་བཀོད་སྒྲིག་དང་། ཕྱི་ལོ་ ༡༩༨༦ ནས་ལས་ངོར་བསྐོ་གཞག ཕྱི་ལོ་ ༡༩༨༧ ནས་ལྡི་ལི་ཆབ་སྲིད་ཉམས་ཞིབ་ཁང་གི་རྐན་དྲུང་དུ་གནས་སྤོས། ཕྱི་ལོ་ ༡༩༨༩ ནས་ལོ་གཉིས་རིང་ཨ་རིར་གཞུང་འབྲེལ་སློབ་བསྐྱོད། ཕྱི་ལོ་ ༡༩༩༡ ནས་ཕྱི་དྲིལ་ལས་ཁུངས་ཀྱི་རྒན་དྲུང་དུ་གནས་སྤོས། ཕྱི་ལོ་ ༡༩༩༢ ནས་དྲུང་ལས་གནས་རིམ་དུ་བསྐོ་གཞག་རྗེས་སྐུ་ཡིག་དྲུང་ལས་སུ་གནས་སྤོས། ཕྱི་ལོ་ ༡༩༩༣ ནས་དྲུང་གཞོན་དུ་གནས་སྤར། ཕྱི་ལོ་ ༡༩༩༧ ནས་ཟུང་དྲུང་དུ་གནས་སྤར། ཕྱི་ལོ་ ༡༩༩༩ ནས་ལྡི་ལི་སྐུ་ཚབ་དོན་ཁང་གི་དྲུང་ཆེའི་ལས་འགན་དུ་གནས་སྤོས། ཕྱི་ལོ་ ༢༠༠༡ ནས་དབྱིན་ལན་སྐུ་ཚབ་དོན་ཁང་གི་དྲུང་ཆེའི་ལས་འགན་དུ་གནས་སྤོས། ཕྱི་ལོ་ ༢༠༠༧ ནས་དབྱིན་ལན་སྐུ་ཚབ་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག ཕྱི་ལོ་ ༢༠༠༩ ནས་ཕྱི་དྲིལ་ལས་ཁུངས་ཀྱི་ཟུང་དྲུང་དུ་གནས་སྤོས་དང་ཕྱི་ཟླ་ ༩ ནས་ལོ་གཉིས་རིང་དམིགས་བསལ་ཕོགས་མེད་དགོངས་ཞུ། ཕྱི་ལོ་ ༢༠༡༡ ནས་བཀའ་ཡིག་ངེས་མེད་ལས་གཞི་སྡེ་ཚན་གྱི་ཟུང་དྲུང་ལས་འགན་ཞུ་མུར། སྒྲིག་གསལ་ལྟར་བགྲེས་ཡོལ་སྔ་བསྣུར་སྩལ་བ་བཅས་ཁྱོན་ཞབས་ལོ་ ༢༦ ལྷག་སྲི་ཞུའི་ཞབས་འདེགས་ཞུས་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་མི་ལོ་ ༢༢ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་སྐབས་སྲི་ཞུའི་ལས་བྱེད་བགྲེལ་ཡོལ་བར་ལེགས་སྐྱེས་འབུལ་ལམ་ཞུས་པ་རྣམས་ཀྱི་ལོ་རྒྱུས་སྙིང་བསྡུས།
གསར་གནས།
འབྲེལ་གནས།