༢༠༡༡ ཟླ་ ༡༢ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༢༩ ཉིན་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། འདི་ལོའི་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་སོ་གཉིས་པ་སྩལ་གནང་མཛད་རྒྱུའི་དུས་སྐབས་དང་བསྟུན། འཛམ་གླིང་ས་ཕྱོགས་གང་ས་ནས་དད་ལྡན་ཆོས་ཞུ་བ་ཁྲི་ཚོ་མང་པོས་ཆོས་ཞུར་བཅར་རྒྱུ་ཡིན་པར་བརྟེན། དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་ཕ་ཟུར་དབང་ཕྱུག་ལགས་ཀྱིས་གཙོས། དབུས་ས་གཉིས་ནས་ཆེད་ལས་སྨན་པ་དང་། སྨན་ཞབས་པ། འཕྲོད་ལས་པ་བཅས་ཁྱོན་ལས་བྱེད་མི་གྲངས་ ༢༧ མཉམ་ཞུགས་ཀྱིས་ཧིན་སྒོར་འབུམ་ ༧ ཙམ་གྱི་སྨན་དང་། སྨན་བཅོས་མཐུན་རྐྱེན་སྦྱར་ཏེ་སྤྱི་ཚོགས་འཕྲོད་བསྟེན་ཞབས་ཞུའི་ལས་འཆར་རྒྱ་ཆེ་བསྒྲུབ་རྒྱུ་མ་ཟད། དབུས་སྨན་རྩིས་ཁང་ནས་རྡོ་རྗེ་གདན་དུ་ཆེད་འཛུགས་སྨན་ཁང་གསུམ་དང་། ནད་པ་བསྟེན་གཏུགས་ཆེད་རྒྱུན་ལྡན་སྨན་པ་ ༦ དང། སྨན་སྤྲོད་པ་ ༧ ལས་བྱེད་ ༥ བཅས་ཁྱོན་ལས་བྱེད་མི་གྲངས་ ༡༨ མཉམ་ཞུགས་ཀྱིས་སྤྱི་ཚོགས་འཕྲོད་བསྟེན་ཞབས་ཞུའི་ལས་འཆར་རྒྱ་ཆེ་གནང་འཆར་ཡོད་འདུག་པ་བཅས།།
བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་གནས་མཆོག་རྡོ་རྗེ་གདན་དུ་ཆོས་ཞུ་བ་རྣམས་ལ་སྤྱི་ཚོགས་ཞབས་ཞུའི་སྨན་བཅོས་མཐུན་འགྱུར་རྒྱ་ཆེ་གནང་རྒྱུ་ཡིན་པ།
གསར་གནས།
འབྲེལ་གནས།