༢༠༡༡ ཟླ་ ༡༡ ཚེས་ ༢
སློབ་ཡོན་གྱི་རྒྱབ་ལྗོངས་དང་དམིགས་ཡུལ།
༄༅། །ཝར་སོ་གཙུག་ལག་སློབ་གཉེར་ཁང ་(University of Warsaw, Poland) ནས་གནས་ཚུལ་འབྱོར་གསལ་ལྟར། ཡུ་རོབ་ལྷན་ཚོགས་ཀྱི་ལས་གཞི་ Erasmus Mundus Europe Asia Lot 12 (EMEA) མཚན་ཐོག་ནས་ཡུ་རོབ་སྤྱི་མཐུན་ཚོགས་པའི་རྒྱལ་ཁབ་ཁག་དང་ཨེ་ཤི་ཡ་དབར་གཉིས་མོས་ཀྱིས་འབྲེལ་ལམ་བཟང་དུ་གཏོང་རྒྱུ་དང་། ཕན་ཚུན་ཤེས་ཡོན་བརྗེ་རེས་དང་གོ་རྟོགས་སྤེལ་རྒྱུ། རིགས་གཅིག་རྐང་འཛིན་ཐོག་ཉམས་ཞིབ་བྱ་རྒྱུའི་སླད་སློབ་ཡོན་གསལ་བསྒྲགས་ཤིག་གནང་འདུག སློབ་ཡོན་དེ་དག་ནང་བཙན་བྱོལ་བོད་མིའི་སློབ་ཕྲུུག་འཛིན་རིམ་བཅུ་གཉིས་ཐོན་པ་རྣམས་ལ་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། (Undergraduate) གཙུག་ལག་རབ་འབྱམས་པ། (Postgraduate) རིགས་གཅིག་རྐང་འཛིན་ཉམས་ཞིབ་(PhD) བཅས་ཀྱི་ཆེད་དང་། གཞན་ཡང་ཤེས་ཡོན་གྱི་ཆེད་ལས་པ་དགེ་རྒན་དང་སློབ་སྤྱི་སོགས་ཀྱིས་ཀྱང་རང་གི་ཆེད་ལས་ཤེས་ཚད་མུ་མཐུད་གོང་མཐོར་གཏོང་ཆེད་འཚང་སྙན་འབུལ་ཆོག་གི་འདུག སློབ་ཡོན་ལས་གཞི་འདིའི་ཁོངས་སློབ་ཡོན་དང་འཚོ་དོད། ཉལ་ཁང་དང་ཟས་དོད། ཕར་ཚུར་གྱི་གནམ་གྲུའི་གླ། ཉེན་སྲུང་མ་འཇོག་བཅས་ཆ་ཚང་ཚུད་ཡོད་འདུག
སློབ་ཡོན་གྱི་དྲ་རྒྱ་དང་། མཐའ་མའི་དུས་བཀག
སློབ་ཡོན་འདིའི་ཆ་རྐྱེན་དང་གྲངས་ཚད་སོགས་ཞིབ་ཕྲའི་གནས་ཚུལ་ལྷན་ཚོགས་ཀྱི་དྲ་རྒྱ་ www.lu.se/emea འདིའི་ནང་གསལ་ཁ་གཏོད་འདུག་པས་ཐུགས་ཞིབ་དགོས་རྒྱུ། གོང་གསལ་སློབ་ཡོན་ཐོག་དྲ་རྒྱ་བརྒྱུད་འཚང་སྙན་ (Online Application) འབུལ་དུས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༥ ནས་འགོ་འཛུགས་ཀྱིས་ཕྱི་ཟླ་ ༡༢ ཚེས་ ༡ བར་་ཡིན་འདུག་པས་འཚང་སྙན་འགེངས་ཤོག་དང་དགོས་མཁོའི་ཡིག་ཆ་ཁག་འབྲེལ་ཡོད་མཐོ་སློབ་ཏུ་ཐད་ཀར་འབུལ་དགོས་རྒྱུ།
ཐུགས་སྣང་གནང་གལ།
གོང་གསལ་སློབ་ཡོན་གྱི་གསལ་བསྒྲགས་འདི་བཞིན་བཙན་བྱོལ་དུ་གནས་པའི་བོད་རིགས་ཁེ་གཙང་ཆེད་དུ་མིན་པར་ཨེ་ཤི་ཡའི་རྒྱལ་ཁབ་བྒ་ལ་དེཤ་དང་། རྒྱ་ནག རྒྱ་གར། བལ་ཡུལ། པ་ཀི་སི་ཐན་བཅས་ཀྱི་ཡུལ་མི་དོན་གཉེར་ཅན་ཡོངས་ལ་དམིགས་པ་ཞིག་ཡིན་འདུག་པས་དེ་དོན་དགོངས་འཇགས་ཞུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡ ལ།།
འབྲེལ་གཏུགས་བྱ་ཡུལ།
Ms. Anna Sadecka
University of Warsaw
International Relations Office
Casimir Palace, Room # 22
26/28, Krakowskie Przedmiescie
00-927 Warszawa, Poland
Phone: +48 22 55 24 010
Fax: +48 22 55 24 011
Email: [email protected]
Website: http://www.uw.edu.pl/en/