༢༠༡༡ ཟླ་ ༡༡ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༢༡ ཉིན་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང༌། ལས་ཁུངས་ཀྱི་སློབ་སྟོན་སྨན་པ་བསོད་ནམས་དོན་གྲུབ་ལགས། ཟུང་དྲུང་ཚེ་རིང་དབྱངས་སྐྱིད་ལགས་བཅས་རྡ་སའི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་ཊན་ཌ་སྨན་གྱི་མཐོ་སློབ་ཀྱི་སློབ་སྤྱི་ Dr. Anil Chauhan མཆོག་དང་མཇལ་འཕྲད་གནང་ཡོད།
དེ་ཡང་ཁོང་རྣམ་པས་མཇལ་འཕྲད་སྐབས་ཁྱབ་ཁོངས་ས་གནས་སྨན་ཁང་ཁག་གི་ནང་སྨན་པ་འདང་ངེས་ཤིག་མེད་པར་བརྟེན་དཀའ་ངལ་དེ་དག་སེལ་བའི་ཐབས་ལམ་དང༌། ཊན་ཌ་སྨན་སློབ་ཁང་དུ་ཁྱབ་ཁོངས་སྨན་ཁང་ཁག་གི་སྨན་པ་དང༌། སྨན་ཞབས་རྣམས་ལ་དུས་ནས་དུས་སུ་ཛ་དྲག་མྱུར་སྐྱོབ་དང་བྱིས་པ་སྐྱེས་བསུའི་སྦྱོང་བརྡར་མཚོན་ལག་བསྟར་གྱིས་མཚོན་ཟབ་སྦྱོང་ཁག་གནང་རྒྱུའི་གོ་སྐབས་ཐོབ་ཐབས་བཅས་ཀྱི་སྐོར་བཀའ་བསྡུར་གནང༌ཡོད། དེ་བཞིན་བཀའ་བློན་མཆོག་གིས་ཊན་ཌ་སྨན་སློབ་ཁང་དུ་སློབ་གཉེར་བྱེད་བཞིན་པའི་བོད་རིགས་སློབ་ཕྲུག་རྣམས་དང་ཡང་ཐུག་འཕྲད་གནང་ཡོད་པ་བཅས།།
འཕྲོད་བསྟེན་བཀའ་བློན་མཆོག་གིས་ཊན་ཌ་སྨན་སློབ་ཁང་གི་སློབ་སྤྱི་དང་མཇལ་འཕྲད་གནང་བ།
གསར་གནས།
འབྲེལ་གནས།