༢༠༡༡ ཟླ་ ༡༠ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༣༠ རེས་གཟའ་ཉི་མའི་ཉིན་ཨོ་རི་ཕུན་ཚོགས་གླིང་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ངག་དབང་ཡོན་སྟན་ལགས་ཀྱིས་གཙོས་བོད་མི་ ༤༠ ཙམ་རྒྱལ་ས་བྷུབ་ནེ་ཤི་ཝར་ཕེབས་ཏེ་ཨོ་རི་ས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ན་ཝིན་པ་ཊི་ནེཀ་(Navin Patnaik)མཆོག་ལ་མཇལ་བཅར་ཞུས་ཏེ་བོད་མིའི་སྒྲིག་འཛུགས་ཀྱིས་ཆུ་ལོག་ངལ་སེལ་རོགས་སྐྱོབས་ཆེད་ཧིན་སྒོར་འབུམ་གསུམ་དང་ས་གནས་བོད་མི་ཚོས་ཧིན་སྒོར་ཁྲི་ལྔ་བཅས་ཕུལ་འདུག སྐབས་དེར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་དཀའ་ངལ་ཅན་གྱི་དུས་སྐབས་སུ་བོད་མི་ཚོས་གདུང་སེམས་མཉམ་སྐྱེ་ཐོག་རོགས་རམ་གནང་བར་དགའ་ཚོར་ཧ་ཅང་བྱུང་ཡོད་སྐོར་གསུངས་པ་མ་ཟད། ༸གོང་ས་མཆོག་གིས་ཞལ་འདེབས་ཧིན་སྒོར་འབུམ་བཅུ་གསོལ་རས་སྩལ་བ་དང་ཐུགས་གསོའི་གསུང་འཕྲིན་ཡང་སྩལ་ཡོད་པ་དེར་ས་གནས་འགོ་འཛིན་བརྒྱུད་ཐུགས་རྗེ་ཆེ་ཞུ་རྒྱུའི་བཀའ་མངག་གནང་འདུག གཞན་ཡང་སྐབས་དེར་ས་གནས་འགོ་འཛིན་ནས་གོ་སྐབས་བཟུང་སྟེ་ཨོ་རི་ས་མངའ་སྡེས་ད་བར་བོད་མི་སྐྱབས་བཅོལ་བ་ཚོར་རོགས་རམ་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཡང་ཞུས་ཡོད་པ་བཅས།།
ཨོ་རི་ས་མངའ་སྡེའི་བློན་ཆེན་བརྒྱུད་ཆུ་ལོག་གི་གོད་ཆག་ཕོག་པ་རྣམས་ལ་བོད་གཞུང་མང་གཉིས་ཀྱིས་ངལ་སེལ་རོགས་སྐྱོབ་དང་གདུང་སེམས་མཉམ་སྐྱེ་ཞུས་པ།
གསར་གནས།
འབྲེལ་གནས།