༢༠༡༡ ཟླ་ ༩ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ནོར་པ་ཚེ་རིང་ནོར་བུ་ལགས་འཕོས་ཚབ་ཏུ། ཁྲིམས་ལུགས་རིག་པ་བ་བསྟན་འཛིན་ལྷུན་གྲུབ་ལགས་སུ་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༣ ནས་བོད་མིའི་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་གནང་བ་དང༌།
བསྟན་འཛིན་ལྷུན་གྲུབ་ལགས་གཞི་རིམ་འཛིན་གྲྭ་བཅུ་གཉིས་བར་དྷ་སྟེང་བོད་ཁྱིམ་དུ་སློབ་སྦྱོང་གནང་སྟེ། ཕྱི་ལོ་ ༢༠༠༤ ལོར་རྒྱ་གར་གཙུག་ལག་སློབ་གཉེར་ཁང་ (Jiwaji University, Gwalior) ནས་ LLB (Hons) ཐོན་རྗེས་ལོ་གཉིས་རིང་ལྡི་ལིར་ཡོད་པའི་ (Indian Institute of Human Rights) ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཁྲིམས་ལུགས་སྐོར་སློབ་སྦྱོང་གནང་སྟེ་ (Post Graduate Diploma in Human Right) གྱི་ལག་ཁྱེར་ཐོབ་སོན་བྱུང་ཐོག ལྡི་ལིར་བཅའ་བཞུགས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་རྩོད་པ་སྐུ་ཞབས་མུ་ཁྱེ་སར་ཟླ་དྲུག་རིང་ཁྲིམས་རྩོད་པའི་ཉམས་གསོག་དང་འབྲེལ་ ( Bar Council of Delhi) ནས་ཁྲིམས་རྩོད་པའི་ལག་ཁྱེར་ཞུས་ཐོབ་བྱུང་ཡོད།
བསྟན་འཛིན་ལྷུན་གྲུབ་ལགས་ཕྱི་ལོ་ ༢༠༠༦།༨།༡༨ ནས་ ༢༠༡༡།༩།༡༢ བར་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ལས་གནས་འདྲ་མིན་ཐོག་ཕྱག་ལས་གནང་ཡོད་པ་བཅས་ཀྱི་གསལ་བསྒྲགས་སུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས། ཕྱི་ལོ་ ༢༠༡༡ ཟླ་ཚེས་ལ།།
བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པ་ཚབ་གསར་བསྐོ་གཞག་གི་གསལ་བསྒྲགས།
གསར་གནས།
འབྲེལ་གནས།