༢༠༡༡ ཟླ་ ༩ ཚེས་ ༩ རེས་གཟའ་པ་སངས།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བར་གཞིགས་ན། དེ་སྔ་ཕྱི་ལོ་ ༢༠༠༩ ལོར་དཀར་མཛེས་རྫོང་རོང་པ་ཚ་ཞི་གསེར་ཞང་དུ་ཡིག་ངག་གཉིས་ཐོག་ནས་ཞི་བའི་ངོ་རྒོལ་བྱ་མཁན་རང་ལོ་ ༣༤ ཙམ་དུ་སོན་པའི་བོུ་དངོས་དགའ་འམ་དངོས་གྲུབ་འཕྲིན་ལས་ལགས་སྐབས་དེར་རྒྱ་གཞུང་སྤྱི་བདེ་ཉེན་རྟོག་པས་ཉེས་བརྡུང་ཚད་མེད་བཏང་སྟེ་འཛིན་བཟུང་བྱས་རྗེས་མཐར་དུས་ཡུན་ལོ་གཅིག་དང་ཕྱེད་ལྷག་གི་ཁྲིམས་ཆད་བཏང་སྟེ་བཙོན་བཅུག་བྱས་པ་དང་། བཙོན་དུ་སྡོད་རིང་སྙིང་སྟོབས་ཆེན་པོས་ཐོག་མའི་དམ་བཅའ་བརྟན་པོར་བཟུང་སྟེ་༸གོང་ས་མཆོག་ལ་མཚན་སྨད་ཞུ་རྒྱུ་སོགས་ལ་ངོས་ལེན་རྩ་བ་ནས་མ་བྱས་པར་གདོང་ལེན་བྱས་ཡོད་རྐྱེན་ད་ལྟའི་ཆར་བཙོན་བཅུག་བྱ་རྒྱུའི་དུས་བཀག་ཚང་ཟིན་ཡོད་ནའང་གློད་བཀྲོལ་བཏང་མེད་པར་མུ་མཐུད་མི་ཉག་ར་རྔ་ཐང་ཞེས་པའི་བཙོན་ཁང་དུ་ཡོད་གནས་ཙམ་ལས་ཞིབ་ཕྲའི་གློད་བཀྲོལ་མ་བཏང་བའི་རྒྱུ་རྐྱེན་གང་ཡིན་གསལ་པོ་ཤེས་རྟོགས་མེད་པར་གྱུར་ཡོད་འདུག