༢༠༡༡ ཟླ་ ༩ ཚེས་ ༡༢ རེས་གཟའ་ཟླ་བ།
ཕྱི་ལོ་༢༠༡༢ ནང་སྨན་རྩིས་མཐོ་སློབ་ཁང་དུ་སྨན་སློབ་སྐབས་ ༡༨ དང་རྩིས་སློབ་སྐབས་༩ གསར་བསྡུ་བྱ་རྒྱུ་ཡིན་ན། བོད་ཀྱི་སྨན་རྩིས་རིག་པར་སློབ་གཉེར་གནང་འདོད་ཡོད་པ་ཡོངས་ཀྱིས་གཤམ་གསལ་དོན་གནད་ཁག་ལ་ཐུགས་སྣང་ཡོང་བ་ཞུ།
ས་མིག་དང་སློབ་མའི་གྲངས་ཚད།
སྨན་རྩིས་མཐོ་སློབ་ཀྱི་སློབ་མའི་སྡོད་ཁང་དང་འཛིན་ཁང་སོགས་ཕྱོགས་ཡོངས་སྟབས་བསྟུན་གྱིས་སྨན་རྩིས་སློབ་མའི་གྲངས་ཚད་སྐབས་སོ་སོར་འབྲེལ་ཡོད་འཛིན་སྐྱོང་ནས་གཏན་འབེབས་ཀྱིས་གསར་བསྡུ་བྱ་རྒྱུ་ཡིན་ཡང་ད་ལྟའི་ཆར་གཤམ་གསལ་ལྟར་བསྡུ་རྒྱུ་ཡིན།
སྨན་སློབ་ཁོངས་སུ།
ཀ) བོད་ཕྱི་ནང་གི་བོད་ཕྲུག་ཕོ་མོ་དབྱེར་མེད་ལ་ས་མིག……………………..༢༠
ཁ) ཕྱི་རྒྱལ་མི་རིགས་དང་ཧི་མ་ལ་ཡའི་རི་བརྒྱུད་ལ་ས་མིག………………….༡+༢
ག) སྨན་རྩིས་ཁང་གི་ལས་བྱེད་པའི་བུ་ཕྲུག་ལ་ས་མིག…………………………༠༢
ང) བཀའ་འབྲེལ་ས་མིག………………………………………………………………..༠༥
༼བཀའ་འབྲེལ་ས་མིག་མ་ཁེངས་ཚེ་སྒུག་ཐོ་ནས་ལེན་རྒྱུ་དང་གལ་ཏེ་ས་མིག་སྟེང་མང་བ་བྱུང་ཚེ་གྲུབ་འབྲས་ཐོབ་ཁྲ་ལས་འདེམས་རྒྱུ་ཡིན།༽
རྩིས་སློབ་ཁོངས་སུ།
ཀ) བོད་ཕྱི་ནང་གི་བོད་ཕྲུག་ཕོ་མོ་དབྱེར་མེད་ལ་ས་མིག……………………..༩
ཁ) ཕྱི་རྒྱལ་མི་རིགས་དང་ཧི་མ་ལ་ཡའི་རི་བརྒྱུད་ལ་ས་མིག…………………..༡+༣
ག) སྨན་རྩིས་ཁང་གི་ལས་བྱེད་པའི་བུ་ཕྲུག་ལ་ས་མིག…………………………༠༢
རྒྱུགས་གཞི་དང་དེའི་ཐོབ་གྲངས་བརྒྱ་ཆ།
༡) སུམ་ཅུ་པར་ཐོབ།………………………….༡༥%
༢) རྟགས་འཇུག་ལ་ཐོབ།…………………….༡༥%
༣) སྤྱིའི་ཤེས་བྱ་ལ་ཐོབ།………………………༢༠%
༤) རྩོམ་ཡིག་ལ་ཐོབ།………………………….༣༠%
༥) དབྱིན་ཡིག་ལ་ཐོབ།……………………….༡༥%
༦) ངག་རྩལ་རྒྱུགས།…………………………….༥%
༧) ཚན་རིག……………………………………….༥%
༨) B.A. དང་ M.A…………………………….༥%
བོད་མི་རྣམས་ལ་སློབ་འཇུག་གི་དགོས་ངེས་ཆ་རྐྱེན།
ཀ) དོ་བདག་ནས་དང་བླངས་དཔྱ་ཁྲལ་དུས་ཐོག་ཕུལ་པའི་ས་གནས་རང་བདེན་ཚོགས་ཆུང་གི་རྒྱབ་གཉེར།
ཁ) བུ་ལོན་སྒྲུབ་འཇལ་བྱ་དགོས་ཀྱི་རྙོག་གླེང་དང༌། བོད་ཀྱི་རྩ་དོན་ལ་གནོད་གཞིའི་བྱ་སྤྱོད་རིགས་སྤེལ་མྱོང་མེད་པའི་ས་གནས་འགོ་འཛིན་དང༌། ས་གནས་འགོ་འཛིན་མེད་སར་ས་གནས་རང་བདེན་ཚོགས་ཆུང་གི་རྒྱབ་གཉེར།
ག) རང་ལོ་ཉེར་ལྔ་ལས་མ་བརྒལ་བ་དགོས།
ང) གནས་ཡུལ་རྒྱལ་ཁབ་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་འཁྱེར་ (R.C.) ཡོད་པ།
ཅ) རང་ཉིད་གཟུགས་ཐང་ལས་འཕེར་ཡིན་པ་སྨན་པ་ཚད་ལྡན་གྱི་ངོས་སྦྱོར།
ཆ) རིག་འཚོ་མ་ཟིན་པ་དང་དབང་པོ་སྐྱོན་ཅན་མ་ཡིན་པ།
ཇ) སྨན་སློབ་ཁོངས་སུ་འཛུལ་ཞུགས་རྣམས་ལ་དམའ་མཐར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཐོན་པའི་ལག་འཁྱེར་དང༌། སློབ་གྲྭ་གང་ནས་ཐོན་པའི་ངོས་སྦྱོར། རྒྱུགས་འབྲས་ཐོབ་ཁྲ། སྤྱོད་ལམ་གྱི་ལག་འཁྱེར་བཅས་དགོས། འཛིན་གྲྭ་བཅུ་གཉིས་པའི་ཡིག་རྒྱུགས་གཏོང་བཞིན་པ་རྣམས་ལ་གོང་འཁོད་ལག་འཁྱེར་རྣམས་ཡིག་རྒྱུགས་གྲུབ་འབྲས་ཐོན་རྗེས་འབུལ་འཐུས་ཆོག་ཀྱང་སློབ་གྲྭ་སོ་སོའི་ངོས་སྦྱོར་རེ་འདི་གར་ངེས་པར་དུ་འབུལ་དགོས།
ཉ) རྩིས་སློབ་ཁོངས་སུ་འཛུལ་ཞུགས་རྣམས་ལ་དམའ་མཐར་འཛིན་རིམ་བཅུ་པའི་ལག་འཁྱེར་དང༌། སློབ་གྲྭ་གང་ནས་ཐོན་པའི་ངོས་སྦྱོར། རྒྱུགས་འབྲས་ཐོབ་ཁྲ། སྤྱོད་ལམ་གྱི་ལག་འཁྱེར་བཅས་དགོས། འཛིན་གྲྭ་བཅུ་པའི་ཡིག་རྒྱུགས་གཏོང་བཞིན་པ་རྣམས་ལ་གོང་འཁོད་ལག་འཁྱེར་རྣམས་ཡིག་རྒྱུགས་གྲུབ་འབྲས་ཐོན་རྗེས་འབུལ་འཐུས་ཆོག་ཀྱང་སློབ་གྲྭ་སོ་སོའི་ངོས་སྦྱོར་རེ་འདི་གར་ངེས་པར་དུ་འབུལ་དགོས།
ཧི་མ་ལ་ཡའི་རི་བརྒྱུད་དང་ཕྱི་རྒྱལ་མི་རིགས་རྣམས་ལ་སློབ་འཇུག་གི་དགོས་ངེས་ཆ་རྐྱེན།
ཀ) བོད་ཀྱི་སྨན་རྩིས་རིག་པར་སློབ་གཉེར་བྱ་འདུན་མཆིས་པའི་ཕྱི་རྒྱལ་བ་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་སློབ་མ་རྣམས་སྨན་སློབ་ཁོངས་སུ་འཛུལ་ཞུགས་བྱེད་པར་དམའ་མཐར་འཛིན་གྲྭ་བཅུ་གཉིས་ཐོན་པའི་ལག་འཁྱེར་དགོས་པ་དང༌། རྩིས་སློབ་ཁོངས་སུ་འཛུལ་ཞུགས་བྱེད་པར་དམའ་མཐར་འཛིན་རིམ་བཅུ་པ་ཐོན་པའི་ལག་འཁྱེར་ངེས་པར་དགོས།
ཁ) བོད་ཀྱི་སྐད་ཡིག་འབྲི་ཀློག་ཤེས་དགོས་པར་མ་ཟད་སློབ་ཕྲུག་སྤྱི་མཚུངས་ལྟར་ཚུད་རྒྱུགས་ངེས་པར་གཏོང་དགོས།
ག) ཕྱི་རྒྱལ་བ་ཡིན་ཚེ་རང་ཉིད་གནས་ཡུལ་རྒྱལ་ཁབ་དེའི་ནང་ངམ། ཉེ་འཁོར་དུ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ཡོད་ན་དང༌། དེ་མིན་བོད་དོན་རྒྱབ་སྐྱོར་ཚོགས་པ་གང་རུང་གི་རྒྱབ་གཉེར་ངོས་སྦྱོར་དགོས།
ང) རྒྱ་གར་དུ་ལོ་དྲུག་སློབ་སྦྱོང་བྱ་ཆོག་པའི་སློབ་གཉེར་མཐོང་མཆན་ (Student Visa) ངེས་པར་དུ་ཡོད་དགོས་པ་དང༌། དུས་ཚོད་འཕར་འགྱངས་བྱ་རྒྱུ་སོགས་དོ་བདག་སོ་སོས་འགན་ལེན་བྱེད་དགོས་པ་ལས་འདི་ལས་ནས་འགན་ལེན་ཞུ་རྒྱུ་མིན།
ཅ) ཧི་མ་ལ་ཡ་རི་བརྒྱུད་ཁོངས་ཡིན་པ་རྣམས་ལ་རང་ཉིད་གནས་ཡུལ་མངའ་སྡེའི་ནང་སྲིད་ལས་ཁུངས་ཀྱི་དགག་ཆ་མེད་པའི་རྒྱབ་གཉེར་ཡིག་དཔང་ཚད་ལྡན་དགོས་པའི་ཐོག་འོས་འཕེན་ལག་འཁྱེར་(Voting Card) ངོ་མ་ངེས་པར་དུ་དགོས།
ཆ) ཧི་མ་ལ་ཡའི་རི་བརྒྱུད་དང་ཕྱི་རྒྱལ་མི་རིགས་རྣམས་ཀྱི་སློབ་ཡོན་སོགས་རང་ཁུངས་ནས་དུས་ཐོག་སོ་སོར་འབུལ་དགོས།
ཇ) སློབ་ཁོངས་སུ་ཚུད་པར་མ་མཐར་བརྒྱ་ཆ་ལྔ་བཅུ་ལོན་དགོས་པ་དང༌། དེ་ཡང་བརྒྱ་ཆ་མཐོ་རིམ་བཞིན་སློབ་འཇུག་བྱ་རྒྱུ།
འཛུལ་རྒྱུགས་འགེངས་ཤོག་འབྱོར་ཚེས་མཐའ་མ།
༡ ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༥ ནས་ཕྱི་ལོ་ ༢༠༡༢ ཟླ་ ༠༣ ཚེས་ ༡༥ བར་འཛུལ་རྒྱུགས་འགེངས་ཤོག་བསྡུ་ལེན་བྱ་རྒྱུ་དང༌། དེ་ལས་བརྒལ་ཏེ་འགེངས་ཤོག་འབྱོར་བ་རྣམས་ངོས་ལེན་ཞུ་རྒྱུ་མིན།
༢ འཛུལ་རྒྱུགས་གཏོང་འདོད་ཡོད་པ་རྣམས་ནས་འགེངས་ཤོག་རྡ་ས་བོད་གཞུང་སྨན་རྩིས་མཐོ་སློབ་ཡིག་ཚང་ནས་བཞེས་རྒྱུའམ། ཡང་ན་སྨན་རྩིས་ཁང་གི་དྲ་རྒྱ་ (www.men-tsee-khang.org) ནས་ཕབ་བཤུས་གནང་དགོས་པ་དང༌། འགེངས་ཤོག་གི་ནང་དོན་འཚེམས་ལུས་མེད་པར་བཀང་སྟེ་གོང་གསལ་དུས་བཀག་ནང་ཚུན་སློབ་སྤྱིའི་ཡིག་ཚང་དུ་འབྱོར་ཐུབ་པ་དགོས།
༣ འཛུལ་རྒྱུགས་འགེངས་ཤོག་སྦྲག་ཐོག་གམ་མི་འགྲོའི་བརྒྱུད་བཏང་སྟེ་སྨན་རྩིས་མཐོ་སློབ་ཡིག་ཚང་དུ་འཕྲོད་འབྱོར་མ་བྱུང་སྟེ་ལམ་བར་བོར་བརླག་སོང་རིགས་ལ་འདི་ལས་ནས་འགན་ལེན་བྱ་རྒྱུ་མིན།
འཛུལ་རྒྱུགས་གཏོང་ཡུལ་དང་གཏོང་དུས།
༡ འཛུལ་རྒྱུགས་གཏོང་ཡུལ་བཞུགས་སྒར་རྡ་སའི་སྨན་རྩིས་མཐོ་སློབ་ཚོགས་ཁང་ཡིན།
༢ དངོས་གཞིའི་ཡིག་ཚད་གཏོང་དུས་ཕྱི་ལོ་༢༠༡༢ ཟླ་༥ ཚེས་༡ ནས་༤ བར་ཡིན།
སློབ་ཡོན་དང་འབྲེལ་བའི་གསལ་བཤད།
༡ སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་སྐབས་༣༧ གྲོས་ཆོད་དགོངས་དོན་ལྟར་སློབ་ཕྲུག་རེར་སློབ་ཡོན་ཧིན་སྒོར་༣༠༠༠།༠༠ ཟླ་རེ་བཞིན་བསྡུ་བཞེས་གནང་གི་ཡོད་ཀྱང༌། དོན་དངོས་ཐོག་སློབ་ཕྲུག་རེར་ཟླ་རེར་ཧིན་སྒོར་༤༢༥༠།༠༠ འགྲོ་སོང་འགྲོ་བཞིན་ཡོད། འཕར་མའི་འགྲོ་སོང་ཧིན་སྒོར་༡༢༥༠།༠༠ དེ་སློབ་ཕྲུག་རེར་ཟླ་རེ་བཞིན་སྨན་རྩིས་ཁང་ནས་རིག་གཞུང་དང་སྤྱི་ཚོགས་ཞབས་ཞུར་དམིགས་ནས་ད་བར་ནར་གཏོང་གནང་བཞིན་ཡོད།
༢ ཉམ་ཐག་སློབ་ཕྲུག་ཡིན་ཚེ་གཞུང་གིས་ཉམ་ཐག་ཨང་གསལ་ཅན་གྱི་རྒྱབ་གཉེར་ཡོད་ཚེ་ཉམ་ཐག་ཁོངས་འགེངས་ཤོག་འབུལ་དགོས་པ་དང༌། སྨན་རྩིས་ཁང་གི་སྔོན་རྩིས་ཁོངས་ནས་ཉམ་ཐག་རྩེ་ཕུད་སྨན་སློབ་གཉིས་དང༌། རྩིས་སློབ་གཅིག་བཅས་ལ་སློབ་ཡོན་གནང་རྒྱུ་ཡིན།
༣ སློབ་གྲྭར་ཚུད་རྗེས་ལོ་འཁོར་རྒྱུགས་འབྲས་རབ་ལོན་པ་གང་ཞིག ཨང་དང་པོ་ལེན་མཁན་ལ་སེམས་ཤུགས་དང་ཤེས་ཡོན་ཡར་རྒྱས་སླད་ལོ་གཅིག་གི་སློབ་ཡོན་ལེགས་གསོལ་གནང་རྒྱུ་ཡིན།
འབྲེལ་བ་གནང་ཡུལ།
College Secretary
Tibetan Medical & Astro. College
Gangchen Kyishong-176215
Dharamsala (H.P.) INDIA
Phone: 01892-223113,223222
Fax: 01892-224116
Email: [email protected]/[email protected]
བོད་གཞུང་སྨན་རྩིས་མཐོ་སློབ་ཡིག་ཚང་ནས་ ༢༠༡༡ ཟླ་ ༠༩ ཚེས་ ༩ ལ།།