༢༠༡༡ ཟླ་ ༩ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་གཉིས་པར་སྐབས་ ༡༥ པའི་མདོ་སྨད་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་དམ་པ་དེ་ཉིད་ཀྱི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་བཞག་པའི་ནང་འཁོད་དོན། སྐུ་གཤེགས་དམ་པ་དེ་ཉིད་ཀྱི་མཛད་རྗེས་ལ་ཡི་རང་བསྔགས་བརྗོད་ཞུ་རྒྱུ་དང་། དམ་པ་དེ་ཉིད་ཀྱི་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས། ཐེག་མཆོག་འཁོར་ལོ་བཞི་ལྡན་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང། ཤུལ་ལུས་ནང་མི་ལྟོས་བཅས་ལ་ཐུགས་གསོ་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་དུ། ཞེས་འཁོད་ཡོད། དེ་རྗེས་དམ་པ་ཁོང་ལ་མྱ་ངན་གུས་འདུད་སྐར་མ་གཅིག་རིང་གནང་སྟེ་མྱ་ནང་གུས་འདུད་ཆེད་གྲོས་ཚོགས་བར་མཚམས་བཞག་ཡོད་པ་བཅས།།
བོད་མི་མང་སྤྱི་འཐུས་རྣམས་ཀྱི་གཞུང་འབྲེལ་མྱ་ངན་གུས་འདུད་ཆེད་གྲོས་ཚོགས་ཚོགས་དུས་བར་མཚམས་བཞག་པ།
གསར་གནས།
འབྲེལ་གནས།