༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་འཕར་སྣོན་གསར་འདེམས་བསྐོ་གཞག་གནང་རྒྱུ་ཡིན་པའི་གཤམ་གསལ་ཆ་རྐྱེན་ཚང་ཞིང་བོད་མིའི་སྒྲིག་འཛུགས་ཁོངས་འཛུལ་ཞུགས་ཀྱིས་ཞབས་ཞུ་མུ་མཐུད་ཞུ་འདོད་ཡོད་རིགས་ནས་གཤམ་འཁོད་ཁ་བྱང་ཐོག་འཚང་སྙན་འབུལ་འཐུས།
༡༽ ས་མིག ཕྱོགས་མཐའི་སྡེ་ཚན་ཁག་ཏུ་ལས་བྱའི་སྡེ་ཚན་ཁོངས་ལས་བྱ་ཁ་ལོ་པའི་ས་མིག་གཤམ་གསལ་ལྟར་ཡོད་པ་སོ་སོར་འཚང་སྙན་འབུལ་ཕྱོགས་དགོས་རྒྱུ།
༡༽ སིམ་ལ་ས་གནས་འགོ་འཛིན་ལས་ཁང་ཆེད་ས་མིག་གྲངས་ ༡
༢༽ ཧོན་སུར་ས་གནས་འགོ་འཛིན་ལས་ཁང་ཆེད་ས་མིག་གྲངས་ ༡
༣༽ མོན་གྷོ་ས་གནས་འགོ་འཛིན་ལས་ཁང་ཆེད་ས་མིག་གྲངས་ ༡
༤༽ བསྟན་སྒང་འབུམ་ལ་ས་གནས་འགོ་འཛིན་ལས་ཁང་ཆེད་ས་མིག་གྲངས་ ༡ བཅས་བསྡོམས་ཁ་ལོ་པའི་ས་མིག་
གྲངས་ ༤ ཡོད་པར་ས་མིག་གང་གི་ཆེད་ཞུ་སྙན་ཕུལ་བ་འཚང་སྙན་འགེངས་ཤོག་གི་སྟེང་ཁ་གསལ་འབྲི་དགོས།
༢༽ དགོས་ངེས་ཆ་རྐྱེན།
༡༽ ཤེས་ཚད། ལས་བྱ་ཁ་ལོ་པའི་འོས་ཆོས་སུ་ཤེས་ཚད་འཛིན་རིམ་ ༨ ཐོན་པའི་ཐོག་ཁ་ལོ་པའི་ལག་འཁྱེར་ཚད་ལྡན་ཡོད་པ། གལ་ཏེ་ཤེས་ཚད་ལག་འཁྱེར་མེད་ན་ཁ་ལོ་པའི་ལག་འཁྱེར་ཚད་ལྡན་ཡོད་པའི་ཐོག་ལོ་གཉིས་ལས་མ་ཉུང་བ་སྣུམ་འཁོར་བཏང་པའི་ཉམས་མྱོང་གི་ངོས་སྦྱོར་ཁ་གསལ་ཡོད་ན་འཐུས་རྒྱུ།
༢༽ ལོ་ཚད། ༢༠༡༡།༠༩།༡༥ བར་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༧ ལས་མ་བརྒལ་བ་དགོས་རྒྱུ།
གོང་གསལ་ཆ་རྐྱེན་ལྡན་རིགས་ནས་ཞུ་ཤོག་འདི་ག་ལས་བྱེད་འདེམས་བསྐོ་ལྷན་ཁང་དང་། ས་གནས་འགོ་འཛིན་ལས་ཁང་། གཞུང་འབྲེལ་དྲ་རྒྱ་ (www.tibet.net/tb) གང་རུང་ནས་དོ་བདག་སོ་སོས་ཞུ་བཏོན་བྱས་ཏེ་འཚང་སྙན་འགེངས་ཤོག་ནང་གསལ་དགོས་མཁོ་རྣམས་འཚེམས་ལུས་མེད་པ་བཀང་སྟེ།
༡༽ རང་ཉིད་ཀྱི་ད་ལྟའི་ཕྱེད་པར་ཚོན་ལྡན་ ༢ རེ་དང་།
༢༽ ཤེས་ཚད་ལག་འཁྱེར་གྱི་ངོ་བཤུས་སམ་ཁ་ལོ་པའི་ལས་ཁུར་བྱས་པའི་ཉམས་མྱོང་གི་ངོས་སྦྱོར།
༣༽ ཁ་ལོ་པའི་ལག་འཁྱེར་གྱི་ངོ་བཤུས།
༤༽ འབུལ་འབབ་གཙང་ཕུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་མཐའ་མའི་ངོ་བཤུས།
༥༽ གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་འཁྱེར་གྱི་ཤོག་གྲངས་དང་པོ་དང་མཐའ་མའི་ངོ་བཤུས།
༦༽ སྐྱེས་ཚེས་ལག་འཁྱེར་རམ་འཛིན་རིམ་གང་ཐོབ་གྱི་ལག་འཁྱེར་ནང་རང་ཉིད་ཀྱི་སྐྱེས་ཚེས་གསལ་བ་གང་རུང་གི་ངོ་བཤུས།
༧༽ བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང་། དེ་མིན་སྨན་ཁང་ཚད་ལྡན་ཞིག་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ཁ་གསར་ཐོག་རང་ཉིད་ཀྱི་འདྲ་དཔར་ཚོན་ཁྲ་ཅན་མཉམ་སྦྱར་ལ་དག་མཆན་ལས་དམ་འཁོད་པ་ངོ་མ། ༼རྡ་ས་བདེ་ལེགས་སྨན་ཁང་གི་ངོས་སྦྱོར་ལ་སྨན་པ་ས་འདུ་ཚེ་བརྟེན་རྡོ་རྗེའི་ངོས་སྦྱོར་ཞུ་དགོས།༽
༨༽ འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ངོ་མ།
༩༽ ད་ལྟ་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་སྡེ་ཚན་ནས་དགག་ཆ་མེད་པའི་ངོས་སྦྱོར་ངོ་མ། གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ་ལས་བྱེད་འདེམས་ལྷན་ནས་བསྐོ་གཞག་ཡོད་པའི་ཟུང་དྲུང་གནས་རིམ་ཡན་སུ་རུང་ནས་དག་ཆན་ལས་དམ་ (Attestation) ཞུས་ཏེ་འཚང་སྙན་མཉམ་ ༢༠༡༡ ཟླ་ ༩ ཚེས་ ༡༥ འགྱངས་མེད་རང་ཉིད་ཀྱི་ཁྱིམ་གཞིས་དང་སླད་འབྲེལ་བ་བྱེད་བདེའི་ཁ་བྱང་དང་། གློག་འཕྲིན་ (Email) ཁ་བྱང་། ལག་འཁྱེར་ཁ་དཔར་ཨང་སོགས་གང་ཡོད་ཁ་གསལ་བཀོད་དེ་གཤམ་གསལ་དྲུང་ཆེའི་མཚན་བྱང་ཐོག་འབུལ་ཐུབ་པ་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རང་བཞིན་གྱིས་རྩིས་མེད་འགྲོ་རྒྱུ། དུས་ཐོག་འབྱོར་རིགས་རྣམས་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་དུས་ཐོག་འབོད་བརྡ་བྱ་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་ངེས་པར་དུ་མཉམ་འཁྱེར་གྱིས་ཡིག་རྒྱུགས་གཏོང་རྒྱུར་འབོད་བརྡ་འབྱོར་བསྟུན་འབྱོར་ཐོ་བཀོད་རྗེས་ཡིག་རྒྱུགས་བཞེས་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༡༡ ཟླ་ ༨ ཚེས་ ༨ ལ།།
The Secretary
Staff Selection Commission,
Central Tibetan Administration
Gangchen Kyishong, Dharamsala
Distt.Kangra, H.P. 176215
E-mail: [email protected]
Tel: 01892-226240/222328
ལས་བྱེད་གསར་འདེམས་གསལ་བསྒྲགས།
གསར་གནས།
འབྲེལ་གནས།